国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱོད་ནི་འཁོར་ བའི་མི་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་མེ་ཏོག་ཡིན།

མེ་ཏོག་ནང་གི་ཨུཏྤལ་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་རྨི་ལམ་ཡིན།

རྨི་ལམ་ནང་གི་ལྷ་མོ་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་སྙིང་སྡུག་ཡིན།

སྙིང་སྡུག་སེམས་ཀྱི་འཁྲི་ཤིང་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་བདུད་རྩི་ཡིན།

བདུད་རྩིས་མྱོས་པའི་བརྩེ་དུང་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་རྒྱུ་སྐར་ཡིན།

རྒྱུ་སྐར་ནང་གི་རྒྱལ་པོ་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་རྒྱ་མཚོ་ཡིན།

རྒྱ་མཚོའི་ནང་གི་ནོར་བུ་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་ཚིག་ཡིན།

ཚིག་གི་ནང་གི་རྒྱན་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་མིག་ཡིན།

མིག་གི་ནང་གི་རྣོ་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་ཟས་ཡིན།

ཟས་ཀྱི་ནང་གི་བཅུད་ཡིན།

ཁྱོད་ནི་འཁོར་བའི་མི་ཡིན།

འཁོར་བའི་ཁྲོད་ཀྱི་མེ་ཡིན།

མེ་ཡི་ནང་གི་དྲོད་ཡིན།