国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྟིས་ཚང་ཆོས་དབྱིངས་རྡོ་རྗེ། སྨྱུག་མིང་ལ་རྩེ་སྲས་ཟླ་འོད་དུ་འབོད། ལོ་རབས་དགུ་བཅུའི་སྨད་དུ་རྩེ་ཁོག་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། སྔ་རྗེས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་དེབ《རྨ་རྒྱལ་སྨྱུག་གསར》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》《གུར་ཀུམ་ཆུན་པོ》《གངས་དཀར་རི་བོ》《རི་བོ་ཉི་ཟླ》《གུར་ཀུམ་གསར་བའི་ཆུན་པོ》《ཁམས་པའི་རྩོམ་རིག་སྒྱུ་རྩལ》《སྤང་ལྗོངས》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར》《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར》《རྔ་བའི་ཚགས་པར》《ཁམས་པའི་ཚགས་པར》《གཞིས་ཀ་རྩེའི་ཚགས་པར》《ཀན་ལྷོ་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《མཚོ་ལྷོ་བོད་ཡིག་ཚགས་པར》སོགས་བོད་ཁུལ་གྱི་གཞུང་ཚགས་དང་ཁུལ་རིམ་པའི་དུས་དེབ་སྟེང་ལྷུག་རྩོམ་གཙོས་པའི་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་མྱོང་། ད་ལྟ་རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།