国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2025ལོའི་རྒྱལ་ཡོངས་ནུས་སྲི་དྲིལ་བསྒྲགས་གཟའ་འཁོར་ཆིང་ཏའོ་རུ་འགོ་བཙུགས།

2025ལོའི་རྒྱལ་ཡོངས་ནུས་སྲི་དྲིལ་བསྒྲགས་གཟའ་འཁོར་འགོ་འཛུགས་མཛད་སྒོའི་ཚོགས་ར།

ཚོགས་ཞུགས་མི་སྣས་ནུས་སྲི་ཐཱན་ཉུང་འགྲེམ་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

ཚོགས་ཞུགས་མི་སྣས་ནུས་སྲི་ཐཱན་ཉུང་འགྲེམ་སྟོན་ལ་ལྟ་སྐོར་དང་སྤེལ་རེས་བྱེད་བཞིན་པ།

ཉེ་ཆར། ནུས་སྲི་བྱས་ནས་ཕན་འབྲས་ཆེ་རུ་གཏོང་།བེད་སྤྱོད་གསར་དུ་བསྒྱུར་ཏེ་སྣེ་ཁྲིད་བྱེད་ཅེས་པ་གཙོ་དོན་བྱས་པའི2025ལོའི་རྒྱལ་ཡོངས་ནུས་སྲི་དྲིལ་བསྒྲགས་གཟའ་འཁོར་ཧྲན་ཏུང་ཆིང་ཏའོ་རུ་འགོ་བཙུགས་པ་རེད། རྒྱལ་ཡོངས་ནུས་སྲི་དྲིལ་བསྒྲགས་གཟའ་འཁོར་རིང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་གཙོ་དོན་ལ་དམིགས་ནས་རྣམ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དང་། སྐྱེ་ཁམས་སྔོན་སྤེལ་དང་གྲོན་ཆུང་ཞིབ་བསྡུས། འབགས་མེད་ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་འདུ་ཤེས་ཇེ་དྲག་དང་འབྲེལ་ཡོད་ལག་རྩལ་ཤེས་བྱའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་ཡོངས་ཀྱི་ནུས་སྲི་ཐཱན་ཉུང་གི་འདུ་ཤེས་དང་ནུས་པ་མུ་མཐུད་དེ་ཆེ་རུ་བཏང་བ་རེད།།