国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས2025ལོའི་དུས་བདེ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི་འཆར་ལྡན་ཚོགས་འདུ་ཐེངས6པ་འཚོགས།

སྤྱི་ཟླ6པའི་ཚེས30ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས2025ལོའི་དུས་བདེ་འཛུགས་སྐྱོང་དང་གཙོ་གནད་ལས་དོན་གྱི་འཆར་ལྡན་ཚོགས་འདུ་ཐེངས6པ་འཚོགས་ཤིང་། ཚོགས་འདུར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ས་ཁུལ་གྱི་ལས་ཀའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཟླ་བ7པའི་སྤྱི་ཚོགས་བརྟན་བརླིང་དང་ཆུ་ལོག་སྔོན་འགོག། ས་འཇིགས་སྔོན་འགོག། ཉེན་མེད་ཐོན་སྐྱེད། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་ཚོགས་འདུར་ཞུགས་པ་དང་འབྲེལ་འབྲེལ་ཡོད་གཙོ་གནད་ལས་ཀར་བཀོད་སྒྲིག་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་བསྟན་དོན། འདི་ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱོད་ཚུལ་སྒྱུར་བ་དང་བྱས་རྗེས་འབུལ་བ། སྒྲིག་ལམ་སྲུང་བ་བཅས་ཀྱི་ལས་ཀའི་བླང་བྱར་དམིགས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་བ་དང་། ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་རྩོད་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་བསྐུལ་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་བདེ་བླག་ངང་འགྲུབ་པར་རྨང་གཞི་བརྟན་པོ་བཏིང་བ་རེད།

ཚོགས་འདུར་གཅིག་ནས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་བརླིང་བསྲུང་དགོས་པ་དང་། གཉིས་ནས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་མུ་མཐུད་བསྐུལ་དགོས། གསུམ་ནས་ཉེན་མེད་ཐོན་སྐྱེད་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ལེགས་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)