国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར།

བག་ཡོད་གཅུན་མཁས་དང་། རྒྱལ་གཅེས་ཆོས་གཅེས། མིག་དཔེ་བཟང་པོ་བཅས་ཀྱི་སྒོ་ནས་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོ་བྱེད་སྒོར་ཕན་འབྲས་དངོས་ཐོན་པར་དཔེ་སྟོན་སྐུལ་ཁྲིད་བྱ་དགོས་པའི་སྐུལ་མ་གནང་།

སྤྱི་ཟླ6པའི་ཚེས27ཉིན། དཀར་མཛེས་ཁུལ་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་སློབ་གསོའི་བཞུགས་མོལ་ཚོགས་འདུ་སི་ཁྲོན་ལས་བྱེད་པའི་སློབ་གླིང་ལྕགས་ཟམ་ཁ་ཡན་ལག་སློབ་གླིང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་མཇལ་འཕྲད་དང་ལེན་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྦྱངས་ནས་ཁོང་དུ་ནན་ཏན་ཆུད་དགོས་པ་དང་།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། འདུ་ཤེས་གསུམ་གྱི་སློབ་གསོའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་ཅིང་། བག་ཡོད་གཅུན་མཁས་དང་། རྒྱལ་གཅེས་ཆོས་གཅེས། མིག་དཔེ་བཟང་པོ་བཅས་ཀྱི་སྒོ་ནས་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོ་བྱེད་སྒོར་ཕན་འབྲས་དངོས་ཐོན་པར་དཔེ་སྟོན་སྐུལ་ཁྲིད་བྱེད་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་བསྐྲུན་པར་སྟོབས་ཤུགས་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།

ཚོགས་འདུར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་ཡིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་སློབ་གསོ་སྤེལ་བའི་གྲོས་འགོའི་ཡི་གེ་སྒྲོག་སྦྱང་གནང་བ་དང་། ཚེ་དབང་འཇིགས་མེད་དང་ཕུན་ཚོགས་རྣམ་རྒྱལ། བཞག་པ་འཇམ་དབྱངས་མཁས་གྲུབ། རྒྱ་ནག་སྐུ་ཕྲེང་བཅུ་བཞི་པ། ཆོས་ཀྱི་གྲགས་པ། འཇམ་དབྱངས་བསྟན་པའི་རྒྱལ་མཚན། འཇུ་མཁས་གྲུབ། ཚེ་དབང་བསྟན་འཛིན་སོགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་སྔོན་རྗེས་སུ་གཏམ་བཤད་གནང་བ་རེད། ཚང་མའི་གཏམ་བཤད་ལ་ཉན་རྗེས་ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་སུ་འདུ་ཤེས་གསུམ་གྱི་སློབ་གསོ་མཐར་ཕྱིན་སྤེལ་བར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་ལས་དོན་ཁྲིམས་ལྟར་ཚད་ལྡན་དོ་དམ། ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་། ཆོས་ལུགས་སྐྱོན་བྲལ་ངང་བརྒྱུད་འཛིན་ཐུབ་པར་སྐུལ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་འདུ་ཤེས་གསུམ་གྱི་སློབ་གསོའི་ཁྲོད་རང་ངོས་སློབ་གསོ་དང་རང་ངོས་དོ་དམ། རང་ངོས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བསམ་བློའི་ངོས་འཛིན་དང་ཆོས་ལུགས་ཀྱི་ཡོན་ཚད། ཕྱོགས་འདུས་བྱང་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས་པར་བསྟན་པ་རེད།

( པར་ངོས་གཉིས་པར་གཟིགས།)