国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་རྫོང་དུ་ཆོས་ལུགས་ལས་རིགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར།

གསོ་སྦྱོང་བྱ་ཡུལ།

ཉེ་ཆར། དཀར་མཛེས་ཁུལ་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་གཉེར་འགོ་འཛུགས་པའི་མཛད་སྒོ་དཀར་མཛེས་རྫོང་དམག་འཛོམས་ཟློས་གར་ཁང་དུ་འཚོགས་པ་རེད།བོད་བརྒྱུད་ནང་བསྟན་དང་གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། དབྱི་སི་ལན་ཆོས་ལུགས་བཅས་ཀྱི་ཆོས་ལུགས་འཐུས་ཚབ་མི་སྣ140ལྷག་མཛད་སྒོར་ཞུགས་ཡོད།

ཚོགས་འདུར་བསྟན་དོན། ཆོས་ལུགས་ལས་རིགས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་མཐར་ཕྱིན་སྤེལ་བ་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་བསྟར་བ། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་པ། ཆོས་ལུགས་ལས་དོན་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱ་རྒྱུར་ཤུགས་སྣོན་པ། རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་འཛུགས་པ་དང་། ཆོས་ལུགས་སྐྱོན་བྲལ་ངང་བརྒྱུད་འཛིན་ཐུབ་པར་སྐུལ་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་ཧུར་ཐག་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་དཔེ་སྟོན་སྣེ་ཁྲིད་ནས། རྒྱ་ཆེ་བའི་ཆོས་ལུགས་མི་སྣས“འདུ་ཤེས་གསུམ”གྱི་སློབ་གསོ་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་བྱེད་སྒོའི་ནང་དོན་ཟབ་མོ་གནད་ལ་འཁེལ་བར་ཁོང་དུ་ཆུད་པ།“འདུ་ཤེས་གསུམ”གྱི་སློབ་གསོ་བྱེད་སྒོའི་ཁ་ཕྱོགས་དང་བྱེད་ཐབས་ཁ་གསལ་ཤེས་པ་བཅས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོས་སློབ་སྦྱོང་སློབ་གསོའི་ལག་ལེན་ཁྲོད་དུ་ཧུར་ཐག་ངང་ཞུགས་པ་དང་། རྒྱལ་ཁབ་ལ་མོས་མཐུན་འདུ་ཤེས་དང་སྤྱི་དམངས་ཀྱི་འགན་འཁྲི་འཁུར་སེམས། ཁྲིམས་སྐྱོང་གི་གུས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། རྒྱལ་ཁབ་ཆོས་ལུགས་ལས་ཆེ་བ་དང་རྒྱལ་ཁྲིམས་སྡོམ་ཁྲིམས་ལས་ཆེ་བ། སྤྱི་འབངས་ཆོས་འབངས་ལས་ཆེ་བའི་འདུ་ཤེས་བརྟན་པོར་བཅང་བ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བསྲུང་དགོས། བློ་ཁ་ནང་ལ་ཕྱོགས་པའི་ནང་སྐྱེས་སྒུག་ཤུགས་དང་སྤོབས་པས་ཆོས་ལུགས་ཁྱབ་ཁོངས་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་འཕྲོད་པའི་གནད་དོན་རྩ་བཅོས་བྱེད་ཅིང་། རང་ངོས་སློབ་གསོ་དང་རང་ངོས་དོ་དམ། རང་ངོས་གཅུན་འདོམས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཞིང་། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་འགྲིག་ཡོང་བར་བསྲུངས་ཏེ། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་བྱས་རྗེས་དགོས་ངེས་གཞག་དགོས།

ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཁུལ་ནང་བསྟན་མཐུན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་དང་གྲོང་ཁྱེར་ཁག་གི་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དང་། བླ་རོང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་། ཡ་ཆེན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་འཛིན་གྲྭ་གཉེར་འགོ་འཛུགས་པའི་མཛད་སྒོར་ཞུགས་པ་རེད།།

( གསར་འགོད་པ་བློ་བཟང་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།)