国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ ཉེ་ཆར། དུས་ཡུན་ཉིན་བདུན་གྱི་གངས་དཀར་གཟེངས་བུམ་གཞོན་ནུ་རྐང་གྲུག་གདན་ཞུ་འགྲན་སྡུར་སྐབས་གཉིས་པ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཁང་དུ་མཇུག་བསྒྲིལ་བ་རེད།

■ ཉེ་ཆར། དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་འོད་ཟེར་འཆད་ཁྲིད་དུས་ཐེངས་དང་པོ་འགོ་བཙུགས་ཡོད། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ལས་ཚབ་ཀྲུའུ་རེན་ཧྥུང་ཝེ་ལེང་ཚོགས་འདུར་ཞུགས་པ་དང་འབྲེལ་དཔྱད་སྟོན་བྱས་པ་རེད།

■ ཉེ་ཆར། ཕྱག་ཕྲེང་རྫོང་དུག་འགོག་ཨུ་ལྷན་གྱིས་བདེ་ཐང་གི་མི་ཚེ་དང་འབགས་མེད་དུག་མེད་ཅེས་པའི་གཙོ་དོན་ལ་དམིགས་ནས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

■ ཉེ་ཆར། དཀར་མཛེས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་སྤྱི་བདེ་ཅུས་དུག་འགོག་གཞུང་ལས་ཁང་དང་། རྫོང་ཁྲིམས་འཛིན་ཅུས། རྫོང་ཞིབ་དཔྱོད་ཁང་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་ནོར་བུ་གླིང་ཐང་ཆེན་དུ་ན་གཞོན་ལ་དུག་འགོག་གི་སྲུང་སྐྱོབ་བྱེད་ཅེས་པའི་རྒྱལ་སྤྱིའི་དུག་འགོག་ཉིན་མོར་གཞོན་ནུ་ལོ་ཆུང་ཚོས་སྨན་རྫས་གང་བྱུང་དུ་སྤྱོད་པར་འགོག་པའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

■ ཉེ་ཆར། དཀར་མཛེས་ཁུལ2025ལོའི་དཀར་མཛེས་ཁུལ་གྱིས་ཁྱོད་དང་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་ཞེས་པའི་སྲིད་གཞུང་དང་ཁེ་ལས་ཀྱི་སྤྲོས་ཚོམས་བྱེད་སྒོ་དར་མདོར་སྤེལ་བ་རེད།

ཉེ་ཆར། ཡུལ་སྡེ་དར་རྒྱས་སྤྱི་ཕན་འཆར་གཞིའིCEOའཛིན་གྲྭ་དུས་ཐེངས་གཉིས་པའི་དཀར་མཛེས་ཁུལ་དུ་སྐྱོད་པ་ཞེས་པའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།

■ ཉེ་ཆར། རྟའུ་རྫོང་གི“བཟོ་པའི་གཟེངས་བུམ”རྩལ་ནུས་འགྲན་བསྡུར་སྐབས་དང་པོ་ཁམས་བྱང་རྩལ་ནུས་གསོ་སྦྱོང་ལྟེ་གནས་སུ་སྤེལ་འགོ་བཙུགས་པ་རེད།