国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡེ་དགེ་ཡིད་ལྷུང་ལྷ་མཚོའི་མཛེས་ཉམས།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

ཡིད་ལྷུང་ལྷ་མཚོ་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་མངའ་ཁོངས་དང་ཁྲོན་བོད་གཞུང་ལམ་གྱི་བྱང་རྒྱུད་རྒྱལ་ལམ317པའི་ལྷོ་ཕྱོགས་སུ་གནས་ཡོད་ཅིང་། མཚོ་འཕགས་སྨི6168ཡོད་ལ་རབ་དཀར་ཁ་བས་གཡོགས་པའི་ཁྲོ་ལ་འདབས་ཀྱི་གཡུ་མདོག་རྣམ་པར་བཀྲ་བའི་མཚེའུ་ལྷག་པར་མཛེས། ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག།

ཉེ་བའི་ལོ་ཤས་རིང་ས་གནས་དེ་གས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཁྲོན་བོད་གཞུང་ལམ་གྱི་ཡུལ་སྐོར་ཚ་རླབས་ལ་བརྟེན་ནས་རིག་གནས་དང་གྲོང་སྡེའི་ཡུལ་སྐོར་ཟུང་དུ་སྦྲེལ་བར་བསྐུལ་ཏེ་སྐོར་ལམ་ཆེས་ལེགས་པོ་བཟོས་པ་དང་། ཡིད་ལྷུང་ལྷ་མཚོ་ལྗོངས་ཁུལ་དེ་རི་ཀླུང་སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར་དང་བྱེས་སུ་འགུལ་སྐྱོད་མྱོང་རོལ། རི་ཀླུང་རིག་གནས་མྱོང་རོལ་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཡུལ་སྐོར་གནས་མཆོག་ཏུ་འགྱུར་བར་བརྩོན་ལེན་བྱེད་ཀྱིན་ཡོད།།