སྤྱི་ཟླ7ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་རྟའུ་རྫོང་དང་དར་མདོ་གྲོང་ཁྱེར་དུ་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སྒྲོག་འགྲེལ་དང་། སྤྱི་ཚོགས་བཅོས་སྐྱོང་དང་དགོན་པ་དོ་དམ། འབྲུབ་འགོག་གནོད་སེལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ལྟ་སྐུལ་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་དམ་པ་དོན་གཉེར་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྲུང་དགོས་ཞེས་ནན་གསུང་གནང་བ་རེད།
ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སྒྲོག་སྦྱོང་ལག་ལེན་བསྟར་བ་ནི་ད་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཧྲེན་དབྱང་རྟའུ་རྫོང་དཔལ་སྨད་གྲོང་རྡལ་དང་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་སོགས་སུ་ཕེབས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་འཛད་སྤྱོད་ཞབས་ཞུའི་ཁོར་ཡུག་སོགས་ཀྱི་གནས་ཚུལ་དམིགས་ཏེ་ཡུལ་དངོས་སུ་ལྟ་ཞིབ་དང་ཡུལ་དེ་གེའི་ལས་བྱེད་མང་ཚོགས་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་ཤིང་། ས་གནས་གཉིས་ཀྱིས་དོན་དངོས་དང་ཟུང་དུ་སྦྲེལ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་སྐུལ་ཁྲིད་བྱེད་སྟངས་ལ་བསྔགས་བརྗོད་གནང་བ་རེད།( པར་ངོས་གཉིས་པར་གཟིགས། )