国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ ད་ལོ་ནས་བཟུང་། རང་ཁུལ་གྱིས་ས་ཞིང་བེད་སྤྱོད་ལེགས་སུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་རམ་བྱས་ཤིང་། ས་ཞིང་མཁོ་སྤྲོད་བྱས་པར་བརྒྱུད་གྲོང་སྡེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་དམིགས་ནས། ཡུལ་སྡེ་དར་རྒྱས་ལས་གཞིའི་ས་ཞིང་མཁོ་སྤྲོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། ད་ལོ་ནས་བཟུང་ས་ཞིང553གྱི་སྤྱི་ཆིང435.02མཁོ་སྤྲོད་ལེགས་གྲུབ་བྱུང་བ་རེད།།

■ ཉེ་ཆར། སློབ་གསོ་དང་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཚོགས་ཆེན་གྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་པ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། རང་ཁུལ་གྱིས《དཀར་མཛེས་ཁུལ་གསོ་རིག་དངོས་གཞིའི་ཚན་ཁག་གི་ཕྱོགས་ངེས་གསོ་སྐྱོང་ལས་དོན་ལག་བསྟར་ཇུས་གཞི(ཚོད་སྤྱོད)》དངོས་སུ་དཔར་འགྲེམས་བྱས་ནས། 2025ལོ་ནས་བཟུང་བསྟུད་མར་ལོ་གསུམ་རིང་གསོ་རིག་དངོས་གཞིའི་ཚན་ཁག་གི་ཕྱོགས་ངེས་སློབ་མ་གསོ་སྐྱོང་འཆར་གཞི་ལག་ལེན་བསྟར་བ་རེད།།

■ ཉེ་ཆར། སྨན་བཅོས་འགན་སྲུང་དང་མི་རིགས་སྨན་རྫས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བ་དང་། ཁུལ་ཡོངས་ཀྱི་སྨན་བཅོས་ཉེན་སྐྱོབ་ནང་ཞུགས་མཁན་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་དགོས་མཁོ་ཏན་ཏིག་སྐོང་ཆེད། དཀར་མཛེས་ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱིས་འབད་པ་ཆེན་པོས་དགོས་མཁོ་བསྡུ་རུབ་དང་། ཆེད་རམས་པས་རིགས་པས་ཁུངས་སྐྱེལ། ཞིབ་དཔྱད་གོང་ཞུ་སོགས་ཚད་ལྡན་གྱི་བརྒྱུད་རིམ་བརྒྱུད། བོད་སྨན་སྨན་རྫས་རིགས53ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་སྐྱོབ་དང་། ལས་རྨས་ཉེན་སྐྱོབ་དང་བུ་བཙའི་ཉེན་སྐྱོབ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་སུ་གསར་དུ་འཇོག་ཐུབ་པ་བྱུང་ནས།། མི་རིགས་སྨན་རྫས་དང་སྨན་བཅོས་ཉེན་སྐྱོབ་མ་ལག་མཉམ་འདྲེས་མངོན་འགྱུར་བྱུང་བ་རེད།།