ཉེ་ཆར། ལི་ཐང་རྫོང་དུ་ཉིན་བསྟུད་མར་དྲག་ཆར་བབས་པས་རྫོང་ཡོངས་ནས་འབྲུབ་འགོག་ར་བ་བརྟན་པོར་བསྐྲུན།
དཔོར་རྙིང་ཡུལ་ཤོག་གིས་གྲོང་སྡེ་ཚོ་ཆུང་སྒྲིག་འཛུགས་བྱས་ནས་ཆུ་ལོག་མ་བྱུང་གོང་གི་མངོན་མེད་ཉེན་ཁ་ཞིབ་བཤེར་བྱས་ཏེ་ཉེན་ཆེའི་ཁང་རྙིང་དང་གྱང་། ར་སྐོར་སོགས་མངོན་མེད་ཉེན་ཁ་ཡོད་སྲིད་པའི་སྒྲིག་བཀོད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ་མངོན་མེད་ཉེན་ཁ་དུས་ཐོག་ཏུ་ཤེས་རྟོགས་དང་མེད་པར་བཟོས།
གྲོང་སྡེ་དང་ཚོ་ཆུང་ཁག་གིས་ཡུལ་མི10སྒྲིག་འཛུགས་བྱས་ནས་ཆུ་ལོག་སྔོན་འགོག་སྐོར་ཞིབ་རུ་ཁག་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་ཆུ་ལམ་དང་ཁང་པ། ཟམ་པ་བཅས་ལ་ཞིབ་བཤེར་ནན་པོ་བྱས་ཏེ་ཆུ་ལམ་འཚང་འགག་དང་ཁང་པའི་མངོན་མེད་རྐྱེན་ངན་སོགས་གནད་དོན2ཤེས་རྟོགས་བྱུང་བར་མ་ཟད་ཐག་གཅོད་བྱས། དེ་དང་ཆབས་ཅིག་འབྲུབ་འགོག་འཚུབ་བསྟུན་གྲབས་སྦྱོང་བྱས་པས་ཉེན་བབས་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་།
འཇའ་བ་གྲོང་རྡལ་གྱི་ཏང་མི་ལས་བྱེད་པ་དང་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག། གྲོང་སྡེའི་ཏང་ཀྲི་པུའུ་ཨུ་ཡོན། ཏང་མི་དང་ཏང་ཞུགས་ཧུར་བརྩོན་པ་བཅས་ལས་གྲུབ་པའི“ཏང་མི་དང་བླངས་ཞབས་ཞུ་རུ་ཁག”གདོང་གྲུབ་གྲོང་སྡེར་སོང་ནས་གཙོ་གནད་ཆུ་དུམ་གྱི་གཙང་སེལ་ལས་དོན་སྤེལ། རིམ་རྩིས་བྱས་ནས་ཆུ་ལམ་སྤྱི་ལེ2.5ཙམ་གཙང་སེལ་བྱས་པ་དང་ཛར་དངོས་ཏུན1.5ཙམ་གཙང་སེལ་བྱས།
གྱོང་པ་གྲོང་རྡལ་གྱིས་ཆུ་རུད་གནས11དང་ས་གཤིས་གནོད་སྐྱོན་གནས19ལ་དམིགས་ནས། ས་གནས་རེ་ལ་སྔོན་ཇུས་རེ་དང་ས་གནས་རེ་ལ་ནང་སྦྱོང་རེའི་ལམ་ལུགས་དོན་ལ་འཁྱོལ་ཏེ་དངོས་འཐབ་ཅན་གྱི་འབྲུབ་འགོག་འཚུབ་བསྟུན་གྲབས་སྦྱོང་བྱས་པ་རེད། གྲབས་སྦྱོང་བྱས་པ་བརྒྱུད་ལས་བྱེད་པས་ས་གཤིས་གནོད་འཚེ་ཐོན་སྐབས་ཀྱི་འཚུབ་བསྟུན་དང་བསྟུན་འགྱུར། གནོད་འཚེའི་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། མང་ཚོགས་ཀྱིས་ཉེན་ཟོན་བརྡ་རྟགས་དང་ཕྱིར་འཐེན་བྱེད་ཐབས། ཉེན་འགོག་བཀོད་སྒྲིག་བྱ་ཡུལ་བཅས་ལ་ཤེས་རྟོགས་ཟབ་མོ་བྱུང་སྟེ། གནོད་འཚེ་ཐོན་པའི་སྔ་རྗེས་སུ་མང་ཚོགས་ཀྱིས་དང་ལེན་ཧུར་ཐག་བྱ་རྒྱུར་ཁེག་ཐག་བྱས་ནས་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།
འབུམ་པ་ཡུལ་ཤོག་གིས་ཞིབ་བཤེར་གསུམ་དང་གཡོལ་ཐབས་གསུམ་གྱི་ལས་ཀའི་བླང་བྱ་གཞིར་བཟུང་ནས། སྔོན་དཔག་བརྡར་གཅོད་བྱས་ཏེ་དུད་ཚང2དང་མི20བདེ་བླག་ངང་ཕྱིར་འཐེན་བྱས་པར་མ་ཟད། འཕྲིན་ཕྲན་ཚོགས་པ་དང་གྲོང་སྡེའི་ལས་བྱེད་པ་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མི་སེར་ལ་སྔོན་ནས་གཡོལ་ཐབས་བྱ་དགོས་པའི་བརྡ་བཏང་བ་རེད།།
( རྟ་མགྲིན་རྡོ་རྗེས་བསྒྱུར། )