( པར་ངོས་དང་པོར་མཐུད།)ཁོང་གིས་ད་ཐེངས་ཞིང་ཆེན་ཏང་ཨུ་ཚང་འཛོམས་གྲོས་ཚོགས་སུ་སི་ཁྲོན་གྱི་འབྱུང་འགྱུར་ཡུན་རིང་འཕེལ་རྒྱས་ལ་ཕྱོགས་པ་དང་རིག་གནས་སྟོབས་ཆེན་ཞིང་ཆེན་དང་ཡུལ་སྐོར་སྟོབས་ཆེན་ཞིང་ཆེན་འཛུགས་པར་དམིགས་ནས་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་ཡི་ནང་དོན་གསར་རྐྱང་ཞིག་བསྣན་ཡོད། དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་ལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ཞིང་། ལས་རྣམ་གསར་གཏོད་དང་སྐྱེ་ཁམས་བསྐྱར་བཟོའི་རྨང་གཞི་བརྟན་ཞིང་ཆ་རྐྱེན་བཟང་པོ་ལྡན་ཡོད་པས། གོ་སྐབས་དམ་འཛིན་དང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་ཡུལ་སྡེའི་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་དང་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ་ཡུལ་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སྒྲོག་སྦྱོང་ལག་ལེན་ནན་དུ་བསྟར་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་གསལ་དོད་པོ་བྱེད་པ་རྒྱུན་འཁྱོངས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཆེ་རུ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གལ་ཆེན་མགྱོགས་མྱུར་དུ་བསྐྲུན་དགོས་ཞེས་གསུངས་པ་རེད།
རྟའུ་རྫོང་དཔལ་སྨད་གྲོང་རྡལ་སྐྱིད་ལུང་དགོན་པ་དང་།དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་སྙན་ལུང་དགོན་པ་དང་བྲག་མཁར་དགོན་པ་བཅས་སུ་ཧྲེན་དབྱང་གིས་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགོན་པའི་དགེ་འདུན་པ་དང་གླེང་མོལ་གནང་ནས་དགོན་པ་དོ་དམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད། ཁོང་གིས་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་མི་སྣས་“འདུ་ཤེས་གསུམ་”གྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ནན་ཏན་གྱིས་སྤེལ་ཞིང་། རྒྱལ་གཅེས་ཆོས་གཅེས་དང་། སྡོམ་སྲུང་ཁྲིམས་སྲུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏང་རྒྱུ་རྒྱུན་འཁྱོངས་པ། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་བྱེད་པའི་ཁྲོད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱ་དགོས་པའི་རེ་བ་བཏོན། རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྲོང་འགོ་གྲོང་ཚོ་དང་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་རི་གསར་གྲོང་ཚོ་གཉིས་པར་ཧྲེན་དབྱང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་དང་དགོན་པ་དོ་དམ། ཡུལ་སྡེ་དར་རྒྱས་བཅས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་བླངས་ཏེ། རྒྱ་ཆེ་བའི་གཞི་རིམ་ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འབུལ་དགའ་བ་བྱས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏང་ཞིང་། མང་ཚོགས་ལ་ཞབས་ཞུ། ཉེན་ཁ་སྔོན་འགོག་སེལ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཤུགས་ཡོད་རྒུས་བསྲུང་དགོས་ཞེས་གསུངས་པ་རེད།
ཧྲེན་དབྱང་གིས་ནན་གསུང་གནང་དོན། ཉེ་དུས་རེས་སྐོར་གསར་པའི་ཆར་དྲག་གི་ཤུགས་རྐྱེན་ཐེབས་ནས་ཁུལ་ཡོངས་ཀྱི་འབྲུབ་འགོག་དང་ས་གཤིས་གནོད་འཚེ་སྔོན་འགོག་གི་གནས་བབ་ཛ་དྲག་པོ་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཉེན་ཟོན་བསམ་པ་དམ་ནན་དང་ཉེན་ཟོན་གྱི་ཐབས་ཇུས་དོན་ལ་གནས་པ། ཉེན་མེད་ཀྱི་འགན་འཁྲི་དོན་ལ་འཁྱོལ་ཏེ། ཉེན་ཁ་ཞིབ་བཤེར་དང་སེལ་ཤུགས་ཆེ་རུ་གཏོང་ཞིང་། ཆར་འབབ་གནས་ཚུལ་དང་ཆུའི་གནས་ཚུལ། འབྲུབ་ཚུལ། ཉེན་ཁའི་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། གྲོས་མོལ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ།“གཡོལ་ཐབས་གསུམ་”དང་།“ཛ་དྲག་ཕྱིར་འཐེན་གསུམ་”དང་།“དོ་དམ་གསུམ་དང་ངེས་པར་གསུམ་”བཅས་ཀྱི་བླང་བྱ་དོན་ལ་ནན་ཏིག་འཁྱོལ་ཏེ། ལས་རེས་དང་ལས་གནས་ཡག་པོ་བསྲུངས་ཤིང་འཚུབ་བསྟུན་སྔོན་ཇུས་ལེགས་སྒྱུར་ཏན་ཏིག་བྱས་ཏེ། འཚུབ་བསྟུན་རོགས་སྐྱོབ་སྟོབས་ཤུགས་འདང་ངེས་གྲ་སྒྲིག་བྱས་ཏེ། ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་སྔོན་འགོག་ཞིབ་ཅིང་ནན་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།།( ལྷ་འཛོམས་ཀྱིས་བསྒྱུར།)