国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་གོ་ལན་གྲུ་མ་འཇོག་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་སོ་གཅིག་པ་འཚོག་འགོ་འཛུགས།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

ལན་གྲུ་གྲོས་མོལ་ཚོགས་འདུའི་འགོ་འཛུགས་མཛད་སྒོར་ལས་གཞི་གལ་ཆེན་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་བཞིན་པ།

ཀན་སུའུ་ཅིང་ཉིང་ཀུ་ཤུ་འགྲེམ་སྟེགས།

ཧུའུ་པེ་ཨེན་ཧྲི་ཇ་ཚོང་པས་སྐུ་མགྲོན་ལ་ཇ་འདྲེན་བཞིན་པ།

ཕ་ཁི་སི་ཐན་ཚོང་པ་ཞིག་གིས་ཚོགས་ཞུགས་སྐུ་མགྲོན་ལ་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་པ།

བཤམ་སྟོན་ཚོང་པ་ཞིག་གིས་སྨན་བཅོས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

ཉེ་ཆར། གོ་སྐབས་མཉམ་སྤྲོད་དང་འཕེལ་རྒྱས་མཉམ་གཉེར། དར་རྒྱས་མཉམ་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་ཀྲུང་གོ་ལན་གྲུ་མ་འཇོག་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་སོ་གཅིག་པ་ལན་གྲུ་རུ་འཚོག་འགོ་བཙུགས་པ་རེད། སྐབས་འདིའི་ལན་གྲུ་གྲོས་མོལ་ཚོགས་འདུར་དར་གོས་འགྲུལ་ལམ་རྒྱལ་སྤྱིའི་མཉམ་ལས་དང་ས་ཁོངས་མཉམ་ལས་སྤེལ་རེས། ཀན་སུའུ་ཁྱད་ཆོས་ཁྱད་འཕགས་ཐོན་ལས། དར་སྲོལ་འཛད་སྤྱོད་དངོས་རྫས།ཕྱི་ཕྱོགས་ཉོ་ཚོང་སྤུས་ལེགས་ཐོན་རྫས་བཤམ་ཁུལ་སོགས་བཤམ་ཁུལ4བཙུགས་པ་དང་། དེའི་རིང་ལ་ད་དུང་ཆེད་ལས་གླེང་སྟེགས་དང་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱེད་སྒོ་ཁག30ལྷག་སྤེལ་རྒྱུ་ཡིན་པ་རེད།།