国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཆུ་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་རྒྱུ་མཚན་ཅི་ཡིན།

ཆུ་པད་མ་ནི་མཚེའུ་དང་འདམ་རྫབ། རྫིང་བུ་སོགས་སུ་སྐྱེ་བ་ཡིན། དེ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་རྒྱུ་མཚན་གཙོ་བོ་ནི་དེའི་འདབ་ངོས་སུ་པྲ་ཚིལ་གྱི་རྒྱུ་དང་ལྡན་པའི་དངོས་པོ་ཞིག་ཡོད་པའི་རྐྱེན་རེད། མེ་ཏོག་གི་མྱུ་གུ་འདམ་ལས་ཕྱིར་འབུད་དུས་ཕྱི་ངོས་ཀྱི་པྲ་ཚིལ་ཆགས་རིམ་གྱིས་སྲུང་སྐྱོབ་ནུས་པ་འདོན་ཐུབ་པས། འདམ་དང་ཆུ་སྙོག་དེའི་ནང་དུ་སིམ་མི་ཐུབ། དེ་ལས་གཞན། པྲ་ཚིལ་ཆགས་རིམ་དེར་ཆུ་གྱེས་རང་བཞིན་ལྡན་པས། མེ་ཏོག་གི་སྟེང་དུ་འདམ་ཉུང་ཤོས་འབྱར་ཡོད་པའང་མར་འགྲིལ་བའི་ཆུའི་ཟེགས་མས་འཁྲུད་ཐུབ་པས་རང་ཉིད་གཙང་སེལ་གྱི་བྱེད་ནུས་ལྡན། ཆར་པ་འབབ་དུས་སུའང་པད་མའི་ཕྱི་ངོས་ཀྱི་པྲ་ཚིལ་རིམ་པས་རང་ཉིད་ལ་སྲུང་སྐྱོབ་བྱས་ཏེ་ཆར་ཆུས་རློན་པ་བྱེད་མི་ཐུབ། དེའི་ཕྱིར། མི་རྣམས་ཀྱིས་ཆུ་པད་མར་མེ་ཏོག་ནང་གི་སྐྱེས་མཆོག་ཅེས་འབོད་པ་ཡིན།།

( རྩོམ་སྒྲིག་པས་བསྡུས།)