国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་ཧྲན་ཞིར་རྟོག་ཞིབ་གནང་སྐབས་ནན་གསུང་གནང་དོན།

ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་སྟབས་གསར་པ་ཧུར་ཐག་སྤོས་ནས་ཧྲན་ཞིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་བརྩམ་དགོས།

སྤྱི་ཟླ7ཚེས7དང8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཞིར་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་ཧྲན་དུ་གནས་པའི་མདའ་ཤོག་བརྒྱའི་དམག་འཐབ་ཆེན་པོའི་དྲན་གསོ་ཁང་དུ་རྟོག་ཞིབ་གནང་བཞིན་པ།

སྤྱི་ཟླ7ཚེས7དང8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཞིར་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱང་ཆོན་སྟེམ་སྒོ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དུ་རྟོག་ཞིབ་གནང་སྐབས་ཁེ་ལས་ཀྱི་ལས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་ཐའེ་ཡོན་ནས་སྤྱི་ཟླ7ཚེས8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཞིར་རྟོག་ཞིབ་གནང་སྐབས། ཧྲན་ཞི་ཡིས་དབུས་རྒྱུད་ས་ཁུལ་དར་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བཅས་བྱས་ཏེ། ཐོན་ཁུངས་རྣམ་པའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་སྟབས་གསར་པ་ཧུར་ཐག་སྤོས་ནས་ཧྲན་ཞིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་བརྩམ་དགོས་པའི་ནན་གསུང་གནང་བ་རེད།

( པར་ངོས་བཞི་པར་གཟིགས།)