ད་ལོ་ནས་བཟུང་རང་ཁུལ་གྱིས་ས་ཞིང་མཁོ་སྤྲོད་བརྒྱུད་ནས་“ཕན་འབྲས་ཐོབ་པ”དང་། ས་ཞིང་བསགས་འབོར་བརྒྱུད་ནས་“དམིགས་ཚད་ཐོབ་པ།”ས་ཞིང་བེད་ཆུང་བརྒྱུད་ནས“འབྲས་བཟང་ཡང་བསྐྱར་ཐོབ་པ”བཅས་ཀྱི་སྒོ་ནས་ས་ཞིང་སྤྱོད་སྟངས་ལེགས་སུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་རམ་བྱས་ཡོད། རང་ཁུལ་གྱིས་ས་ཞིང་གྲུབ་རྐྱེན་གཙོ་བོ་ལས་གཞི་དང་བསྟུན་པའི་རྩ་དོན་ལྟར།“ས་ཆ་རེར་ཐབས་ཇུས་གཅིག”གི་བྱེད་སྟངས་ལ་གཞིགས་ནས། ས་ཞིང་མཁོ་སྤྲོད་ལ་བརྟེན་ནས་ཡུལ་སྡེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་དམིགས་པ་དང་། ཡུལ་སྡེ་དར་རྒྱས་ཡོང་བའི་ལས་གཞིའི་ས་སྤྱོད་མཁོ་སྤྲོད་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ད་ལོ་ནས་བཟུང་ས་ཞིང553དང་སྤྱི་ཆིང435.02མཁོ་སྤྲོད་ལེགས་གྲུབ་བྱུང་ཡོད།
དེ་དང་ཆབས་ཅིག་ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་པ་དང་བེད་མེད་དུ་གྱུར་པའི་ས་ཞིང་གི་གཞི་གྲངས་རྩིས་ཐོ་བཟོས་ནས་རིགས་བགོས་པའི་ཐབས་ཇུས་ལག་ལེན་བསྟར་ནས་ཐག་གཅོད་བྱས་ཏེ་བེད་མེད་དུ་གྱུར་པའི་ས་ཞིང་གི་ཉེན་སྟོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྔ་ཚེར་དུས་ཡུན་ལས་བརྒལ་བའི་ལས་གཞིར་དབྱེ་ཞིབ་དང་བརྡ་གཅོད་བྱས་ཏེ། དུས་ཡུན་ལས་བརྒལ་ནས་ལས་འགོ་བརྩམས་མེད་པའི་ས་ཞིང་སྤྱི་ཆིང་346.66དང་། ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་པའི་ས་ཞིང་ཁག34 ཡི་སྤྱི་ཆིང2081.18དང་། བེད་མེད་དུ་གྱུར་པའི་ས་ཞིང་ཁག10ཡི་སྤྱི་ཆིང6.84དང་། གསར་དུ་བསྣན་པའི་བེད་མེད་ས་ཞིང་ཁག6གི་སྤྱི་ཆིང68.93བཅས་ཐག་གཅོད་བྱས་པ་རེད། ད་ལོ་ནས་ཕན་འབྲས་ཞན་པའི་བཟོ་ལས་ས་སྤྱོད་མུའུ9.94གང་འགབ་ཅི་སྤྱོད་བྱས་ནས་ཕན་འབྲས་ཞན་པའི་ས་ཞིང་ལ་སྐྱེ་སྟོབས་གསར་པ་མངོན་དུ་བཅུག་པ་དང་། ཐུན་མོང་འཛུགས་སྐྲུན་ལས་གཞིའི་ས་སྤྱོད་ཁག36གི་ས་མུའུ748.35ལ་ཞིབ་བཤེར་ལེགས་གྲུབ་བྱས་ཏེ་ཞིང་ལས་ཐོན་སྐྱེད་དང་ཡུལ་སྡེ་ཡུལ་སྐོར་སོགས་སྤྱོད་སྒོ་སྣ་ཚོགས་སུ་བསྒྱུར་ནས་མཐའ་འཁོར་ཞིང་དུད་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་ཐུབ་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཕན་གྲུབ་ཡོད།།
( ལྷ་འཛོམས་ཀྱིས་བསྒྱུར། )