སྤྱི་ཟླ7པའི་ཚེས6ནས7ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས་བཅས་རྫོང་ཁག་ལ་ཕེབས་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སྒྲོག་འགྲེལ་དང་། གཞི་རིམ་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་གཙོ་གནད་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ནས། བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཤུགས་ཡོད་རྒུས་བསྐྲུན་ཏེ་ཁུལ་ཡོངས་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།( པར་ངོས་གཉིས་པར་གཟིགས།)