国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

རྟའུ་རྫོང་གཡུ་ཁོག་གྲོང་རྡལ་དང་གཡུ་ངེས་ཡུལ་ཤོག། ཆུ་དམར་ཡུལ་ཤོག་སོགས་སུ་ཕེབས་སྐབས་ཧྥུང་ཧྥ་ཀུའེ་ཡིས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་དང་འཛུགས་སྐྲུན་རྣམ་པ། ཁོར་ཡུག་འཕྲོད་བསྟེན།

གནས་ཚང་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། ལས་བྱེད་པ་དང་མང་ཚོགས་དང་གྲོས་མོལ་དང་སྤེལ་རེས་གནང་ནས་ས་གནས་ཁག་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཐད་ཀྱི་བྱེད་སྟངས་དང་དཀའ་ངལ་སོགས་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། དཀར་མཛེས་རྫོང་ཤར་ཕྱོགས་ཡུལ་ཤོག་འབྲོག་རར་ཕེབས་སྐབས་ཧྥུང་ཧྥ་ཀུའེ་ཡིས་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་དང་འབྲེལ་ཡོད་འཆར་འགོད་སྙན་ཞུར་ཉན་འཇོག་བྱས་ནས། འབྲོག་རའི་བྱེད་ནུས་ཁུལ་འཆར་འགོད་ཡག་པོར་བྱས་ཏེ་འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བླང་བྱ་གཞིར་བཟུང་ནས་དེང་རབས་ཅན་གྱི་དཔེ་སྟོན་འབྲོག་ར་འཛུགས་སྐྲུན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

བརྟག་དཔྱད་ཞིབ་འཇུག་གནང་རིང་ཧྥུང་ཧྥ་ཀུའེ་འབྲེལ་ཡོད་ཡུལ་ཤོག་དང་གྲོང་རྡལ། དགོན་པར་ཕེབས་ནས་གྲོང་སྡེའི་ལས་བྱེད་པ་དང་དགོན་པའི་དགེ་འདུན་པ་དང་སྤེལ་རེས་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་ལས་དོན་དོན་ལ་འཁྱོལ་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། འབྲེལ་གཏུག་བྱེད་མཁན་དགོན་པའི་དགེ་འདུན་པ་རྣམས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་སྲིད་གཞུང་རིམ་པ་ཁག་གི་འགན་ནུས་སྡེ་ཚན་གྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ《ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོའི》བླང་བྱ་དོན་ལ་ནན་པོར་འཁྱོལ་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་གནད་དོན་ཐག་གཅོད་ཤུགས་ཆེ་རུ་བཏང་སྟེ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)