སྤྱི་ཟླ7པའི་ཚེས9ཉིན། ཉག་ཆུ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། 2025ལོའི་ཀྲུང་གོའི་བེ་ཤ་འབྱུང་ཡུལ་ཉག་ཆུ་རྫོང་གི་བེ་ཤ་འཐུ་འགོ་བཙུགས་པའི་མཛད་སྒོ་དེ་སྤྱི་ཟླ7པའི་ཚེས11ཉིན་ཉག་ཆུ་རྫོང་བེ་ཤ་ཉོ་ཚོང་ཚོང་རར་འགོ་འཛུགས་པ་རེད།
གདོད་མའི་སྐྱེ་ཁམས་དང་རིག་རྩལ་འཁྲབ་སྟོན།3Dའཕུར་སྐྱོད་ཉམས་ལེན། AIརིག་ནུས་ཀྱིས་བེ་ཤ་ཁྱེར་ནས་སྤེལ་རེས་བྱེད་པ་སོགས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། དེང་རབས་ཚན་རྩལ་གཉིས་མཉམ་འདྲེས་བྱེད་པའི་འགོ་འཛུགས་མཛད་སྒོར་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་ནང་དོན་ཕུན་སུམ་ཚོགས་པའི་ལྟད་མོ་ཞིག་འབུལ་བ་རེད།
འགོ་འཛུགས་མཛད་སྒོར་ངོ་མཚར་ཆེ་བའི་འཁྲབ་སྟོན་མ་ཚད་ཡུལ་དངོས་སུ་ད་དུང་གློག་རྡུལ་གན་རྒྱ་འཇོག་པ་དང་། རྟགས་བྱང་སྤྲད་པ་སོགས་གཉེར་ནས་ཉག་ཆུ་བེ་ཤ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐུན་མོང་ཐོག་བསྟན་པ་རེད། དེ་མིན་ཡུལ་དངོས་ཀྱི་ཞིང་པ་རི་ལ་བེ་ཤ་འཐུ་བ་དང་ཧྲུན་ཧྥུང་མི་མེད་གནམ་གྲུའི་མྱུར་སྐྱེལ་ཐོག་བེ་ཤ་ཡུལ་དེ་གའི་ཚོང་རར་བསྐྱལ་བ་དང་། དེ་ནས་གྲོང་ཁྱེར་ཁག་ཏུ་སྐྱེལ་འདྲེན་བྱས་པའི་མྱུར་ཚད་དེའི་རྒྱབ་ཀྱི་ཚན་རྩལ་གྱི་ནུས་པ་ལྟད་མོ་བ་ཚོར་མྱོང་ཚོར་བྱ་རུ་བཅུག་པ་རེད།།( ཡེ་ཤེས་ཀྱིས་བསྒྱུར།)