国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟླ་བ་དཀར་པོ།

འཚོ་བའི་ཉིན་སྲིབ་བར་ནས།

ངས་ལྷིང་འཇགས་ཁྲོད་ནས་ཟླ་བའི་

ཕྱོགས་སུ་ཅེར།

དཀར་གསལ་གྱིས་མཁའ་ན་འཚེར་བའི་ཟླ་བ།

གྲོང་ཤུམ་རྒྱག་ཡོང་པའི་ཕྱི་རོལ་

གྱི་ནམ་ཟླའི་ཀློང་དུ་

ངས་མཚན་མོའི་སྐར་ཚོགས་ཀྱི་དཀྱིལ་ནས།

ཁྱེད་ཀྱི་དྲོལ་ཁོལ་དེར་ཐེངས་

ཤིག་འཁྱུད་ན་སྙམ།

ཟླ་བ་དཀར་པོ།

ང་ཡི་ལང་ཚོ་དང་མཛེས་པ་ཁྱེད་ལ་

འབུལ་ན་འདོད།

ཁྱེད་ཀྱི་མཛེས་པ་དང་ལྷན་དུ་

ང་ཡི་ལང་ཚོ་མཐའ་དག་རྫོགས་

འགྲོ་ན་བསམ།

༼ འོ་ཟི། ༽