དབྱངས་ཅན་ལྷ་མོའི་བྱིན་རླབས་
ཐུགས་རྒྱུད་ལ་མངའ་ཞིང་། །
རྒྱུད་དྲུག་སྒྲ་སྙན་དཀྲོལ་མཁས་གཤིས་
འཇམ་གྱི་ཁུ་བྱུག །
སྙན་འཇེབས་ངག་ལས་བྱུང་བའི་
དྭངས་གསལ་གྱི་མགུར་དབྱངས། །
བདག་གི་སེམས་ལ་སྙན་པའི་བག་
ཆགས་ཤིག་ཟུག་ཐལ། །
གཟུགས་མཛེས་རྨ་བྱའི་སྒྲོ་མཚུངས་
རྫ་ཆུ་ཡི་ཟླ་དཀར། །
ངག་གི་བདུད་རྩི་ཟིལ་མ་བོད་
ཡུལ་ལ་ཁྱབ་ཅིང་། །
བསྟོད་པའི་མེ་ཏོག་ཐོར་སའི་
གངས་ལྗོངས་ཀྱི་ཕོ་རྒོད། །
རྒྱུད་དྲུག་ལག་ལ་བཟུང་བའི་སྟག་
ཤར་ཁྱོད་མཛེས་པ། །
སྐྱེས་བུ་གྲངས་ཡས་ཤིག་གི་སེམས་
ཁོང་གི་ནོར་བུས། །
རྫ་ཆུའི་བཞུར་རྒྱུན་ཇི་བཞིན་གནས་ཡུལ་
ཞིག་འགྲིམ་སོང་། །
ངག་དབང་ངག་ལ་འབྱོར་བའི་མགྲིན་
དབྱངས་ཀྱི་མགུར་གླུ། །
ལྷ་ས་ལྷ་ཡི་ཞིང་ནས་སྙན་པ་ཞིག་གྲག་གོ །
འུ་གཉིས་ལས་ཀྱི་བར་ཐག་རི་ཆུ་ཡིས་
བཅད་ཅིང་། །
ལྷད་མེད་བརྩེ་བའི་བར་ཐག་ཆོད་
པ་ཞིག་མི་སྲིད། །
ཁྱོད་ནི་དབྱངས་ལ་འཇུས་པའི་
ཚངས་དབྱངས་ཀྱི་སྲས་པོ། །
ང་ནི་ཁྱོད་ཀྱི་གམ་དུ་བྱེའུ་ཆུང་བཞིན་
འཕུར་འདོད། །
༼ འཇུ་ཨ་དཀར་ཆེན། ༽
