国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་དྲིན་མོ་ཆེ་ཡི་བང་ཁ་ནས།། རོང་འབྲུ་དྲུག་སྙེ་མའི་འགོ་བོ་དུད།།

གསེར་མདོག་གི་ཞིང་ཁམས།

ནོར་བུ་ས་ཆ།

གྲོ་ཞིང་ཁྲོད་ཀྱི་ཞིང་པ།

རེ་བས་ཁེངས་པའི་འཛུམ་མདངས།

ཞིང་བཟང་གྲོང་པའི་རྒྱན།

ལོ་ལེགས་ཀྱི་རྣམ་པ་པར་མིག་ཏུ་འདྲེན།

ལོ་ལེགས་བྱུང་བའི་དགའ་སྤྲོ།

གྲོ་འབྲུ་བཟང་པོ།

བརྔ་བསྡུ་འཕྲུལ་འཁོར་ལས་ལ་བྲེལ།

དབྱར་ཟླ་ར་བ་ཤར་བ་དང་བསྟུན་ནས་དཀར་མཛེས་ཁུལ་གྱི་རང་བྱུང་ཁམས་ཆེན་མོར་གསེར་མདོག་གི་གཟབ་མཆོར་སྤྲས་པ་དང་། ནགས་རྫོབ་སྟུག་པོར་ཚོན་མདངས་སྣ་ལྔ་བཀྲ་ནས་ས་གཞི་ཡོངས་སུ་དབྱར་ཁའི་མཛེས་ཉམས་ཀྱིས་ཕྱུག་པའི་བདེ་སྐྱིད་དཔལ་དུ་འབར། དཀར་མཛེས་ཁུལ་གྱི་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་དང་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་རྡལ། རོང་བྲག་རྫོང་སོག་ཕོ་ཡུལ་ཤོག་སོགས་ཀྱི་གྲོ་སྨིན་ནས་ས་གཞིར་གསེར་མདོག་གི་ས་གདན་ཞིག་བཏིང་བ་དང་ཡོངས་སུ་མཚུངས། ཞིང་པས་གནམ་གཤིས་ཡག་པོ་དང་བསྟུན་ནས་གྲོ་བསྡུ་བའི་དུས་ཚོད་དམ་འཛིན་བྱས་ཏེ་ཞིང་དང་མུ་ཁ་ཚང་མར་སོ་ནམ་གྱི་ལས་ལ་བྲེལ་བའི་རྣམ་པས་ཡོངས་སུ་ཁེངས་ཤིང་ཡུལ་མི་ཚོའི་གདོང་ལ་ལོ་ལེགས་བྱུང་བའི་འཛུམས་མདངས་རབ་ཏུ་རྒྱས།