国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕ་ཡུལ་གྱི་ཕྱི་ནང་གསང་གསུམ་འཛམ་གླིང་ལ་བསྒྲགས་པའི་མཛངས་མ་ཞིག།

ཕྱག་ཕྲེང་རྫོང་དབུ་བཞུགས་འོས་སྦྱོར་མཁན་གཡང་འཛོམས་སྒྲོལ་མའི་གནས་ཚུལ་རགས་བཀོད།

གཡང་འཛོམས་སྒྲོལ་མ(གཡས་གཉིས་པ)ཧུན་ནན་བརྙན་འཕྲིན་ཁང་གི《མེ་ཏོག་བཞད་པ》ཡི་ལེ་ཚན་ནང་ཞུགས་པ།

གཡང་འཛོམས་སྒྲོལ་མ(གཡས་གཉིས་པ)འོས་སྦྱོར་བྱེད་སྒོར་ཞུགས་པ།

གཡང་འཛོམས་སྒྲོལ་མ་ནི་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གི་མི་ཡིན། ཀྲུང་གུང་ཏང་མི། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་བརྒྱུད་དེ་སློབ་གྲྭ་ཆེན་མོའི་དངོས་གཞིའི་བསླབས་གནས་ཐོབ་སྟེ་སློབ་ཆེན་ནས་སློབ་ཐོན་བྱུང་རྗེས་ཕ་ཡུལ་དུ་ལོག། ཕ་ཡུལ་གྱི་རི་ཆུའི་མཛེས་ལྗོངས་དང་རྔམས་མཐུག་པའི་རིག་གནས་སོགས་དངོས་ཟིན་བརྙན་ཐུང་ཕབ་བསྐྲུན་བྱས་ནས་རྒྱལ་ཕྱི་ནང་ཀུན་ཏུ་དྲིལ་བསྒྲགས་བྱེད་པར་མ་ཟད། མོ་ལ་སྔ་ཕྱི་ཞེན་མི་ཁྲི་བཅུ་ཕྲག་ཁ་ཤས་ཡོད་པར་གྱུར། སྔ་རྗེས་སུ་སི་ཁྲོན་གྱི“ཕ་ཡུལ་གྱི་རིག་གནས་འཇོན་མི་བཅུ”ཡི་ནང་དུ་བདམས་ཐོན་བྱུང་བ་རེད།

ཁྲོན་ནུབ་མཐོ་སྒང་ཕྱག་ཕྲེང་རྫོང་དུ་བོད་ཀྱི་བུད་མེད་གཡང་འཛོམས་སྒྲོལ་མའི་ལག་འཕྲིན་གྱི་པར་མིག་བརྒྱུད་ནས་ཕྱག་ཕྲེང་གི་བོད་ཁང་དཀར་པོའི་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་། ལོ་ལྔའི་དུས་ཚོད་སྤྱད་དེ་སློབ་ཆེན་སློབ་ཐོན་སློབ་མ་ནས་ཕ་ཡུལ་གྱི་དབུ་བཞུགས་འོས་སྦྱོར་མཁན་དུ་གྱུར་པ་རེད།

གཡང་འཛོམས་སྒྲོལ་མ་ལ་བརྙན་ཐུང་བརྒྱུད་ནས་ཕ་ཡུལ་དྲིལ་བསྒྲགས་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་འདྲི་སྐབས། མོས་གུས་ཚུལ་དང་བབ་ཆགས་པའི་ངང་ནས་ཕ་ཡུལ་གྱི་མཛེས་ལྗོངས་དང་རིག་གནས་ཡུལ་སྐོར་སོགས་རྒྱལ་ཕྱི་ནང་གི་གྲོགས་པོ་ཚང་མའི་སེམས་ཀྱི་སྨོན་ཡུལ་དང་དག་ཞིང་དུ་འགྱུར་དུ་འཇུག་ཆེད་ཡིན་ཞེས་བཤད་པ་རེད།

འཕྲིན་སྦྱོར་གསར་པར་བརྟེན་ནས་རིག་གནས་བརྒྱུད་འཛིན་ཐབས་ ལ་འབད།

ཕ་ཡུལ་དུ་ལས་ཀར་ཞུགས་རྗེས། མོས་འཕྲིན་སྦྱོར་གསར་པ་འཕེལ་རྒྱས་འགྲོ་བའི་མི་མངོན་པའི་གཏིང་ཤུགས་མཐོང་ནས་ཚོད་ལྟ་བྱ་རྒྱུ་ཐག་བཅད་དེ། ཐོག་མར་ཕ་ཡུལ་དྲིལ་བསྒྲགས་ཡག་པོ་བྱ་རྒྱུའི་མོས་པ་ལྡན་པས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་བརྙན་ཐུང་དང་པར་ལེན། གཅོད་སྒྲིག་གི་ཐབས་རྩལ་རང་སྦྱོང་བྱས་ཏེ། པར་ཆས་དང་བརྙན་ཆས་བཀོལ་སྤྱོད་དང་གནས་ཚུལ་བརྗོད་སྟངས། ནང་དོན་ཕུན་སུམ་ཚོགས་པ་འཚོལ་བ་སོགས་ལ་འབད་པས་སྦྱོང་བ་དང་ཆབས་ཅིག་པར་ལེན་པ་རྒན་གྲས་མང་པོའི་ཟུར་ནས་ཉམས་མྱོང་ལོན་ཐབས་བྱས། པར་དང་བརྙན་ཡག་པོ་ཞིག་ལེན་ཐུབ་ཆེད་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ནས་པར་ལེན་སར་སླེབས་ཡོད། གཟུགས་མེད་རིག་གནས་ཤུལ་བཞག་ལ་ཆ་རྒྱུས་ཞིབ་ཕྲ་ལོན་ཆེད་གཟའ་འཁོར་གཅིག་རིང་བཟོ་མི་རྒས་གྲས་ཞིག་གི་རྗེས་སུ་འབྲངས་ནས་པར་དང་བརྙན་བླངས་ཡོད། མི་རྣམས་ཀྱིས་དོ་ཁུར་བྱ་ཡུལ་ནི་མཛེས་ལྗོངས་ཁོ་ན་ཙམ་མ་ཡིན་པར་ཡུལ་གྲུ་ཞིག་གི་རིག་གནས་གསང་བ་ཡིན་པའི་གནད་ཤེས་རྗེས། མོས་རིག་གནས་འཚོལ་ཞིབ་དང་མཐོ་སྒང་གི་ཐོན་རྫས། ཕྱག་ཕྲེང་གི་དུས་བཞིའི་འགྱུར་ལྡོག་བཅས་ནང་དོན་ཆེན་པོ་གསུམ་གཙོས་བྱས་ཏེ་ཤམ་བྷ་ལ་ཕྱག་ཕྲེང་གི་ཕྱི་ནང་གསང་གསུམ་གྱི་ཁྱད་འཕགས་རང་བཞིན་རྒྱལ་ཕྱི་ནང་གི་གྲོགས་པོ་ཚོའི་མིག་ལམ་དུ་དྲངས།

ཐད་གཏོང་ཐབས་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ཡོང་

བར་བསྐུལ།

གཡང་འཛོམས་སྒྲོལ་མས་ཨང་ཀི་ཅན་གྱི་དུས་རབས་སུ་བཞུད་ཚད་དང་ཕྱིར་འཚོང་གི་ཚད་ནི་དབྱེར་མེད་པས་ངས་རྒྱུན་དུ་འབྲེལ་དྲྭའི་བཞུད་ཚད་ལ་བརྟེན་ནས་ཕ་ཡུལ་གྱི་ཁྱད་རྫས་འཚོང་ལམ་ཕྱེས་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་འདེགས་ཅི་འདྲ་བྱ་དགོས་པའི་ཐད་ལ་བསམ་བློ་གཏོང་གི་ཡོད་ཅེས་བཤད་པ་བཞིན་ལག་ལེན་གསེར་ཐིགས་སུ་ཡང་བསྟར་བཞིན་ཡོད།

མོའི་ཐད་གཏོང་དུ་ཕ་ཡུལ་གྱི་གནམ་སྔོན་པོ་དང་སྤྲིན་དཀར་པོ། གངས་རི་རྩྭ་ཐང་། བོད་ཁང་དཀར་པོ་སོགས་རྒྱབ་ལྗོངས་སུ་བྱས་ཡོད་ལ། བོད་རིགས་བུ་མོའི་ལྷད་མེད་ཀྱི་འཛུམ་ཞལ་དང་བག་ཆགས་ཀྱི་རང་གཤིས་ཀྱང་ཡོངས་སུ་མངོན་ཡོད། མོས་གསེར་མདོག་གི་སྟོན་དུས་སུ་དྲྭ་གྲོགས་ཚོས་ལྟོས་དང་།འདི་ནི་ང་ཚོས་ད་ལྟར་བཏུས་པའི་ཀུ་ཤུ་སོ་མ་རེད། ཀུ་ཤུ་རེ་རེར་མཐོ་སྒང་གི་དྲི་ཞིམ་ལྡན་ཡོད་ཅེས་ཐད་གཏོང་བྱས་ནས་ཡུལ་མི་ཚོའི་དཀའ་ངལ་ལས་ཐོབ་པའི་འབྲས་བུའི་རིན་ཐང་སྔ་བས་ཆེ་རུ་གཏོང་བར་འབད་བཞིན་ཡོད།

དེ་རྗེས་གཡང་འཛོམས་སྒྲོལ་མས་ཕྱག་ཕྲེང་གི་ཁྱད་འཕགས་ཐོན་རྫས་བདམས་པའི་ཚད་གཞི་བཟོས་ཏེ། ཞིང་པའི་འདེབས་འཛུགས་བརྒྱུད་རིམ་ལ་དངོས་སུ་རྟོག་ཞིབ་བྱེད་སར་བསྐྱོད་དེ། ཐོན་རྫས་ཀྱི་སྤུས་ཀར་ཞིབ་དཔྱད་ཚད་ལེན་བྱས་ནས་རིག་གནས་ཀྱི་གྲུབ་ཆ་ལྡན་པའི་ཕྱི་ཐུམ་ཇུས་འགོད་བྱས། དབྱར་

དྲྭ་གྲགས་ལ་བརྟེན་ནས་རིག་གནས་ཀྱི་མིང་བྱང་གསོན་པོར་བསྒྱུར།

དུས་སུ་ཡུལ་མི་ཚོར་དྲྭ་ཐོག་ནས་བེ་ཤ་ཕྱིར་འཚོང་རོགས་དང་དགུན་དུས་བོད་ཕག་གི་དུད་ཤ་བཙོང་རོགས་བྱས་པ་རེད། ཕ་ཡུལ་གྱི་ཁྱད་ལྡན་ལྷད་མེད་ཟས་རིགས་སོགས་གཡང་འཛོམས་སྒྲོལ་མའི་བརྙན་ལམ་བརྒྱུད་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བཀྲམ་ཐུབ་པ་བྱུང་ཡོད།

ཧུའུ་ནན་བརྙན་འཕྲིན་ཁང་གིས《མེ་ཏོག་བཞད་པ》ཞེས་པའི་ལེ་ཚན་གྲོང་སྡེའི་དགོང་ཚོགས་ཕབ་བསྐྲུན་ཡུལ་དངོས་སུ་ཕྱག་ཕྲེང་གི་ཁྲ་ཆེན་གྱོན་པའི་གཡང་འཛོམས་སྒྲོལ་མས་ལོ་ལེགས་བསུ་བའི་གླུ་གར་ཐུང་ཐུང་ཞིག་འཁྲབ་པས་དེར་འདུས་ཀྱི་ལྟད་མོ་བ་ཡོངས་ཧ་ལས་སུ་བཅུག་པ་རེད། འཁྲབ་སྟོན་གྱི་སྐབས་དང་བསྟུན་ནས་ལྟད་མོ་བ་ཚོར་ཕྱག་ཕྲེང་གྱོན་ཆས་སུ་ཡོད་པའི་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་ངོ་སྤྲད་དེ་བོད་རིགས་ཀྱི་རིག་གནས་ཞར་དང་ཞོར་ལ་བསྒྲགས། དེ་རྗེས་གར་སྟེགས་གང་མང་གི་སྟེང་ནས་འཁྲབ་སྟོན་བྱེད་ཐེངས་རེར་མོས་ཕ་ཡུལ་གྱི་མགྲིན་ཚབ་པ་བྱས་ནས་ཕྱག་ཕྲེང་གི་རིག་གནས་ཡུལ་སྐོར་གྱི་ཤེས་བྱ་ཐབས་མཁས་ངང་འགྲེལ་བཤད་བྱས་དང་བྱེད་བཞིན་ཡོད། 2017ལོ་ནས་བཟུང་གཡང་འཛོམས་སྒྲོལ་མ་རིམ་རྩིས་བྱས་ན་འཁྲབ་སྟོན་ཆེ་གྲས་དང་འགྲེམ་ཚོགས་སོགས་ཀྱི་བྱེད་སྒོ་ཐེངས15ལ་ཞུགས་ཡོད། མོས་བྱེད་སྒོར་ཞུགས་པའི་གོ་སྐབས་དམ་དུ་བཟུང་ནས་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་རྒྱལ་ཕྱི་ནང་དུ་བསྒྲགས། མི་དམངས་སེམས་སུ་བཅངས་པའི་གཞན་ཕན་གྱི་བསམ་པ་ནམ་ཡང་དོར་མེད་པས་མོ་རང་ནི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་དྲྭ་གྲགས་ཞིག་ཏུ་གྱུར་པར་མ་ཟད། ཕྱག་ཕྲེང་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པའི་ཚབ་མཚོན་པ་ཞིག་ཏུ་ཡང་གྱུར་ཡོད།

གཡང་འཛོམས་སྒྲོལ་མས་རྗེས་མར་ང་རང་ཕ་ཡུལ་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱས་པའི་ཕྱོགས་འདུས་སྒྱུ་རྩལ་ལེ་ཚན་མང་པོར་ཞུགས་ནས་མི་དེ་ལས་མང་པོར་མཛེས་པའི་ཕྱག་ཕྲེང་ལ་རྒྱུས་ལོན་བྱུང་དུ་འཇུག་པ་ནི་ངའི་ཐོག་མའི་བསམ་འདུན་ཡིན་ལ་འགན་འཁྲི་ཡང་ཡིན་ཞེས་བཤད། ལས་ཀ་དེར་ཞུགས་པ་ནས་བཟུང་གཡང་འཛོམས་སྒྲོལ་མར་གྲུབ་འབྲས་གཡུར་ཟ་ཐོབ་ཡོད། མོར་སྔ་རྗེས་སུ་གནས་མཆོག་དཀར་མཛེས་ཁུལ་ལ་མགྲིན་ཚབ་པ་བྱེད་པའི་བྱེད་སྒོའི་ཆེས་བཟང་བའི་ཉམས་འགྱུར་བྱ་དགའ་དང་། སི་ཁྲོན་ཞིང་ཆེན་གྲོང་སྡེའི་རིག་གནས་འཇོན་མི་ཆེན་པོ་བཅུ། ཕྱག་ཕྲེང་རྫོང་དྲ་བ་དྲིལ་བསྒྲགས་མཐར་པ། དཀར་མཛེས་ནོར་བུའི་གླིང་ནས་གླིང་གི་འབྲུག་མོ་འཚོལ་བ་ཞེས་པའི་འགྲན་སྡུར་ཁྲོད་དང་རབ་ཐོབ། ཧུའུ་ནན་བརྙན་འཕྲིན་ཁང་གི་གྲོང་སྡེའི་དགོང་ཚོགས་ནུས་རྩལ་མེ་ཏོག་དང་ལོ་འཁོར་མེ་ཏོག་བཞད་པ་སོགས་ཀྱི་མཚན་སྙན་བྱ་དགའ་མང་པོ་ཐོབ་ཡོད་པ་རེད།།

( བདེ་ཆེན་དབང་མོས་བྲིས།)