国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་ཀྱི་ང་རོ།

མི་ཚེ་དང་སྙན་ངག་ཁ་བྲལ་ནའང་།

ཚོར་བ་ཁྱོད་དང་ལྷན་དུ་སོང་ནས།

མུ་མཐའ་མེད་པའི་འཇིག་རྟེན་དེར།

འཁྱམ་འཁྱམ་བྱས་ནས་ཡོད།

ཕྱི་ནང་གི་ཚོར་བ་རབ་རིབ།

ཁྱོད་ཀྱིས་བསུས་ནས།

འཛུམ་དམུལ་ལེར་མུན་ནག་གི།

རི་བོ་བརྒལ་ནས་ཡོད།

སེམས་ཀྱི་ནོར་བུ་མ།

སྙན་ངག་ལ་བསྟིམས་ནས།

ཁྱོད་ཀྱིས་སྐེ་རྒྱན་དང་།

མཛེས་པར་མཆོད་ཀྱིན་ཡོད།

དབྱངས་ཅན་ལྷ་མོ་ལགས།

གསོལ་བ་བཏབ་ནས།

མགྲིན་པའི་དངོས་གྲུབ་བསྩལ་ན་སྙམ་གྱིན།

ཁྱོད་དང་མཉམ་དུ་མེས་པོའི་རྐང་རྗེས་ཚོར་ནས་ཡོད།

༼ དབྱངས་ཞི་བ། ༽