དབྱར་ཁ་ཤར་བ་དང་བསྟུན་ནས་དཀར་མཛེས་ཁུལ་གྱི་ཡུལ་ལུང་ཀུན་ཏུ་རྩི་ཤིང་གིས་སྔོ་ལྗང་གོས་བཟང་བཀླུབས་པ་དང་། མེ་ཏོག་སྣ་ཚོགས་ཕན་ཚུན་མཛེས་སྡུག་འགྲན་པ་བཞིན་རབ་ཏུ་བཞད། དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་རང་བྱུང་གི་ལེགས་སྐྱེས་ངོ་མཚར་ཅན་ཞིག་ཡིན་ལ། ལྷག་པར་མེ་ཏོག་སྣ་བརྒྱ་བཞད་པའི་གནས་མཆོག་དཀར་མཛེས་ཁུལ་ནི་དེ་བས་ཀྱང་ཡིད་དབང་འཕྲོག་པ་ཞིག་ཡིན་ནོ།།
( བདེ་ཆེན་གྱིས་བསྒྱུར།)