国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབྲི་ཆུའི་འབའ་ཐང་ཆུ་ཤུགས་གློག་ཁང་ནས་གློག་འདོན་འགོ་བཙུགས།

སྤྱི་ཟླ7པའི་ཚེས11ཉིན། འབྲི་ཆུའི་སྟོད་རྒྱུད་འབའ་ཐང་ཆུ་གློག་ས་ཚུགས་ཀྱི་འཕྲུལ་འཁོར་ཚན་པ་གསུམ་པ་ཆུ་ཚོད72ཡི་ཚོད་ལྟའི་འཁོར་སྐྱོད་གྲ་འགྲིག་བྱུང་ནས་གློག་དྲྭ་སྦྲེལ་ཏེ་གློག་འདོན་དངོས་སུ་འདོན་པ་རེད། དེར་བརྟེན་གློག་ཁང་དེའི་འཕྲུལ་སྦྱོར་གློག་ཤོང་ཚད་བསྡོམས་འབོར་སྟོང་ཝད་ཁྲི75ཡི་འཕྲུལ་ཚན3ནས་གློག་ཤོང་ཡོངས་ཐོན་སྐྱེད་བྱེད་འགོ་བཙུགས་པ་དང་། ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝད་དུང་ཕྱུར33.75ཙམ་ཡིན་པས་ཁྱིམ་ཚང་ཁྲི175ཡི་ལོ་ཧྲིལ་པོའི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དེ་ལོ་རེར་རྡོ་སོལ་ཚད་ལྡན་ཏུན་ཁྲི105བསྲིས་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི315བསྙུངས་པ་དང་མཚུངས་པས་ནུབ་གློག་ཤར་འདྲེན་འཐབ་ཇུས་ལ་སླར་ཡང་འབྱུང་འཕྲོད་འབགས་མེད་ཀྱི་གསར་ཤུགས་བསྣན་ཡོད།

རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གཙོ་གནད་འཛུགས་སྐྲུན་བྱེད་པའི་འབྲུ་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་འགག་རྩའི་ལས་གྲྭ་ཡིན་པའི་འབའ་ཐང་ཆུ་ཤུགས་གློག་ཁང་དེ་སི་ཁྲོན་དང་བོད་ལྗོངས་འབྲེལ་མཚམས་ཀྱི་འབྲུ་ཆུའི་གཙོ་རྒྱུད་དུ་གནས་ཤིང་། འཛམ་གླིང་དུ་ས་བབ་མཐོ་ཤོས་ཀྱི་འབྲུ་ཆུ་ནས་ཧུའུ་པེ་བར་གྱི་སྟོང་ཝོལ800ཡས་མས་ཀྱི་ཆེས་མཐོ་གནོན་ཐད་རྒྱུག་ལས་གྲྭའི་གློག་སྤྱོད་མང་བར་སྙོམ་སྒྲིག་གི་འདེགས་སྐྱོར་གློག་ཁུངས་ཡིན་པས། ནུབ་གློག་ཤར་འདྲེན་གྱི་མྱུར་ཚད་མགྱོགས་སུ་བཏང་ཡོད། 2017ལོར་གློག་ཁང་སྐྲུན་པའི་ཞིབ་མཆན་བཀོད་པ་དང2018ལོར་ལས་གྲྭའི་སྤྱི་ཁོག་སྐྲུན་འགོ་བཙུགས་ཤིང་། གཙང་པོ་ཆེན་པོའི་ཆུ་རྒྱུན་བཅད་པ་དང་། རགས་ཆེན་གྱི་ཐོག་བཀབ་པ་སོགས་འགག་རྩའི་མཚམས་གནད་བརྒྱུད་དེ་ད་ལོའི་ཟླ་བ5པའི་ཚེས15ཉིན་དང་། ཟླ་བ7པའི་ཚེས3དང་ཚེས11ཉིན་བཅས་ལ་འཕྲུལ་ཚན་གསུམ་ནས་སྔོན་རྗེས་སུ་གློག་ཐོན་སྐྱེད་བྱེད་འགོ་བཙུགས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)