国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ཞིང་ཆེན་ནོར་སྲིད་ཐིང་དུ་འཚམས་འདྲི་དང་འབྲེལ་ལས་ཀའི་སྐོར་གྱི་གྲོས་མོལ་གནང་།

སྤྱི་ཟླ7ཚེས18ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཞིང་ཆེན་ནོར་སྲིད་ཐིང་དུ་འཚམས་འདྲི་དང་བཅས་ལས་དོན་འབྲེལ་མཐུད་བྱེད་པར་ཕེབས་པར་མ་ཟད། ཞིང་ཆེན་ནོར་སྲིད་ཐིང་གི་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་ལི་ཅ་ཡོན་དང་གྲོས་བསྡུར་དང་སྤེལ་རེས་གནང་བ་རེད། ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ནོར་སྲིད་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་ཀྱང་གནང་བ་རེད། ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་ཞིང་ཆེན་ནོར་སྲིད་ཐིང་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་མཛུབ་ཁྲིད་རོགས་རམ་འོག། དཀར་མཛེས་ཁུལ་གྱིས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་ཞིང་འཛུགས་སྐྲུན་བྱེད་པ། དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན་བཅས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་རྒྱས་ཡོང་བ་དང་། དམངས་འཚོ་འགན་སྲུང་ཕན་ནུས་ལྡན་ཞིང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡིན་པའི་རྣམ་པ་བཟང་པོ་མངོན་ཡོད། ( པར་ངོས་གཉིས་པར་གཟིགས།)