国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སྟོད་དུ་ཡུལ་སྐོར་སྣེ་ལེན་བྱེད་ཚད་ན་ནིང་དུས་མཉམ་ལས་བརྒྱ་ཆ15.98འཕར།

ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབྲས་མངོན་གསལ་དོད།

2024ལོའི་ལི་ཐང་རྫོང་གི་བརྒྱད་གཅིག་རྟ་རྒྱུག་ཡུལ་དངོས།

ལི་ཐང་རྫོང་ནི་ཀྲུང་གོའི་རྟ་རྒྱུག་རིག་གནས་ཀྱི་འབྱུང་ཡུལ་ཡིན་ཞིང་། ལི་ཐང་གི་སྤྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་རྟ་རྒྱུག་འདུ་ཚོགས་ཀྱི་གཞི་ཁྱོན་ཆེ་ཞིང་རྟ་རྒྱུག་སྲོལ་རྒྱུན་ལ་ལོ་ངོ400ལྷག་གི་ལོ་རྒྱུས་ལྡན་ཡོད། ལོ་ལྟར་སྤྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ལ་རྟ་རྒྱུག་འགྲན་འདུ་ཚོགས་སྤེལ་སྐབས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས་ནས་ཡོང་བའི་རྟ་ཕོ་སྟོང་ཙམ་ལི་བྱང་ཐང་སྟེང་ལ་འཛོམས་ཏེ་རྟ་རྒྱུག་དང་། འགྲོས་རྒྱུག། རྟ་ཐོག་རྩལ་འགྲན། རྟ་ཐོག་སྤྲོ་འཆམ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱང་རིང་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་མཐོ་སྒང་གི་རྟ་རྩལ་གྱི་མྱུར་ཚད་དང་སྤྲོ་ཉམས་མྱོང་རོལ་བྱེད་དུ་འཇུག་གི་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོར་ལི་ཐང་རྫོང་གི“བརྒྱད་གཅིག”རྟ་རྒྱུག་འདུ་ཚོགས་ཀྱི་ཐད་ཀའི་ཡོང་འབབ་དང་། ཐོན་ལས་སྦྲེལ་ཐག་གི་སྣུར་སྲིང་ཁེ་བཟང་། སྤུས་རྟགས་ཀྱི་ཕན་འབྲས་སོགས་སྒོར་བསྡོམས་འབོར་ཁྲི4000ཙམ་གྱིས་རིག་གནས་ཡུལ་སྐོར་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་ཤིང་དེའི་ནང་རྟ་ཉོ་ཚོང་ཁོ་ནར་སྒོར་ཁྲི500ལྷག་རག་ཡོད། སྐབས་དེར་ལི་ཐང་གི“བརྒྱད་གཅིག”རྟ་རྒྱུག་འདུ་ཚོགས་དེ་དམངས་ཁྲོད་ཀྱི་རོལ་རྩེད་དང་། མི་རིགས་ཀྱི་གླུ་གར། དངོས་ཟོག་སྤེལ་རེས་སོགས་བྱེད་ནུས་མང་པོ་གཞི་གཅིག་ཏུ་འདུས་པའི་བོད་འབྲེལ་ཁུལ་དང་རྫོང་གི་དམངས་ཁྲོད་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་བསྐྲུན་ཡོད།

དེ་ནས་ལི་ཐང་རྫོང་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་པས། རྫོང་དེས“རིག་གནས་ཡུལ་སྐོར+”འཚོལ་ཞིབ་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཤུགས་ཆེན་ཡོང་བར་རྒྱུན་ཆད་མེད་པར་གསར་གཏོད་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས་རིག་གནས་དང་ཡུལ་སྐོར་དང་ལུས་རྩལ། ཞིང་ལས། ཚོང་དོན་བཅས་མཉམ་འདྲེས་ཡོང་བ་གཞི་རྟེན་དུ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་མཐོ་སྒང་དེང་རབས་སྐྱེ་ཁམས་ཁྱད་ཆོས་ལྡན་པའི་ཞིང་ལས་གླིང་ཁུལ་དང་པོ་བསྐྲུན་པ་དང་ཧི་མ་ལ་ཡའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཆུང་གི་ཚོང་དོན་འགྲེམས་སྟོན་དང་ཚོང་དོན་དབུ་ཚོགས་གཉེར་ནས་ཚོང་ལས་ཡུལ་སྐོར་མཉམ་འདྲེས་མངོན་འགྱུར་བྱུང་ཡོད། ད་སྔར་ལི་ཐང་རྫོང་ཨ་མ་ལག་བཟོ་ཞེས་པའི་གཟུགས་མེད་རིག་གནས་ཤུལ་བཞག་བཟོ་ཁང་གིས་ཡུལ་སྐོར་དང་བཟའ་བཏུང་། མགྲོན་ཁང་སོགས་ལས་རིགས་མང་བ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་དང་གཟུགས་མེད་རིག་གནས་ཤུལ་བཞག་ཟུང་དུ་སྦྲེལ་ནས་མཉམ་འདྲེས་ཅན་གྱི་ཡུལ་སྐོར་བྱེད་སྟངས་བརྒྱུད་དེ་ཡུལ་དེ་གའི་རིག་གནས་ཐོན་ཁུངས་དང་ཡུལ་སྐོར་གྲུབ་རྐྱེན་གཙོ་བོ་མཉམ་འདྲེས་ཟབ་མོ་བྱུང་ཡོད།

དེ་དང་ཆབས་ཅིག་ལི་ཐང་རྫོང་གིས་ད་དུང་སྣ་མང་སྤུས་ལེགས་ཡུལ་སྐོར་ལམ་ཐིག་ལ་བརྟེན་ནས་ས་ཁོངས་ཡོངས་ལ་སྐུལ་འདེད་བཏང་སྟེ། G318ཡུལ་ལྗོངས་ལམ་ཆེན་ཆེས་མཛེས་ཤོས་ཏེ་ཁྲོན་བོད་གཞུང་ལམ་ལི་ཐང་དཔེ་སྟོན་ལམ་རྒྱུད་དུ་རིག་གནས་དང་ཡུལ་སྐོར། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་དང་དེ་བཞིན་ཚན་རྩལ་དང་ཡུལ་སྐོར། སྐྱེ་ཁམས་དང་ཡུལ་སྐོར། ཨང་ཀི་དང་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་གཞུང་ལམ་དཔེ་སྟོན་ལམ་དུམ་བསྐྲུན་ཏེ་ལི་ཐང་གི་ཡུལ་སྐོར་མཉམ་འདྲེས་ཟབ་ཏུ་བཏང་ནས་མི་རྣམས་ཡུལ་སྐོར་བྱ་འདོད་ཆེ་ཤོས་སུ་བསྐྲུན་ནས་ལི་ཐང་རྫོང་གི་ས་ཁོངས་ཡོངས་དང་ཡུལ་དུས་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་ཇེ་མཐོར་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)