国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས“འདུ་ཤེས་ གསུམ”གྱི་སློབ་གསོའི་བྱེད་སྒོ་སྤེལ།

ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་དོན་འཁྱོལ་མཐར་ཕྱིན་དང་ཏན་ཏིག་ཡོང་བར་བྱ་ཆེད། ཉེ་ཆར། དར་མདོ་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོ་སྤེལ་ཏེ། “སྤེལ་རེས་དང་དྲིལ་བསྒྲགས”ཀྱི་བྱེད་སྟངས་བརྒྱུད་ནས་ཆོས་ལུགས་ལས་རིགས་མི་སྣས་བསམ་བློའི་རྨང་གཞི་བརྟན་པོ་བཅང་རྒྱུར་ཁྲིད་སྟོན་བྱས་ཏེ“འདུ་ཤེས་གསུམ”གྱི་ནང་དོན་སེམས་སུ་བརྟན་པོ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། བྱེད་སྒོ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨར་ཏེ་ནི•ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་སྔ་རྗེས་སུ་སྤེལ་རེས་གཏམ་བཤད་གནང་བ་དང་། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་བའི་གྲོས་འགོ་ཡི་གེ་འགྲེམས་སྤེལ་བྱས་པ་རེད།

བྱེད་སྒོའི་བླང་བྱ་ལྟར་ན། དར་མདོ་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་དང“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ལྡན་ཅན་དུ་སྐུལ་འདེད་གཏང་རྒྱུར་ཟུང་འབྲེལ་དམ་ཟབ་དང་། ཆོས་ལུགས་ལས་རིགས་མི་སྣས“བཟང་པོ་བཞིའི་གྲྭ་བཙུན”འགྱུར་བར་བརྩོན་ལེན་བྱས་ཏེ། “འདུ་ཤེས་གསུམ”གྱི་སློབ་གསོ་བྱེད་སྒོའི་དོན་སྙིང་གལ་ཆེན་ཁོང་དུ་ཡང་དག་པ་ཆུད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་བློ་ལ་བརྟན་པོར་འཆང་པ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་ཏང་དང་རྒྱལ་ཁབ་ལ་བློ་སེམས་དཀར་བ་དང་སེམས་མཐུན་ཕྱོགས་མཐུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དར་མདོ་ལག་ལེན་གྱི་ལེའུ་གསར་པ་འབྲི་བ་དང་དར་མདོ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བྱས་རྗེས་གཞག་རྒྱུ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)