国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་རྣམ་གླིང་རྫོང་གིས་ཤངས་པ་ལྷ་མོའི་ཟློས་གར་གྱི་བརྒྱུད་འཛིན་མ་ལག་བསྐྲུན།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

ཤངས་པ་ལྷ་མོའི་ཟློས་གར་འཁྲབ་པ།

འཁྲབ་སྟོན་པ་ཆུང་ཆུང་ཚོས་ཤངས་པ་ལྷ་མོའི་ཟློས་གར་འཁྲབ་བཞིན་པ།

ཤངས་པ་ལྷ་མོའི་ཟློས་གར་འཁྲབ་པའི་ཡུལ་དངོས།

ལོ་ན7ལ་སོན་པའི་འཁྲབ་སྟོན་པ་ཆུང་ཆུང་བུ་ཆུང་ཚེ་རིང(མདུན)གིས་ཤངས་པ་ལྷ་མོའི་ཟློས་གར་འཁྲབ་བཞིན་པ།

ལྷ་མོའི་ཟློས་གར་འཁྲབ་སྟོན་གྱི་ཟུར་ཞིག།

མང་ཚོགས་ཀྱིས་རྣམ་གླིང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་སྤྱི་གླིང་དུ་ཤངས་པ་ལྷ་མོའི་ཟློས་གར་འཁྲབ་སྟོན་ལ་ལྟད་མོ་ལྟ་བཞིན་པ།

བོད་ལྗོངས་རྣམ་གླིང་རྫོང་དུ་དར་ཁྱབ་བྱུང་བའི་ཤངས་པ་ལྷ་མོའི་ཟློས་གར་ནི་འབག་སྔོན་པོའི་ལྷ་མོའི་ཟློས་གར་འཁྲབ་སྲོལ་དུ་གཏོགས་ཤིང་ལོ་རྒྱུས་ཡུན་རིང་ལྡན་ཡོད། 2006ལོར་ཤངས་པ་ལྷ་མོའི་ཟློས་གར་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་ཚུད་ཡོད།

ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་གིས་དམངས་ཕན་འཁྲབ་སྟོན་རྒྱུན་རྣམ་ཅན་དུ་བསྐུལ་ཏེ། ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་བསྐྱངས་ནས་ཤངས་པ་ལྷ་མོའི་ཟློས་གར་བརྒྱུད་འཛིན་མ་ལག་བསྐྲུན་པ་རེད། ད་སྔར། རྫོང་ཡོངས་སུ་ཁྱོན་དམངས་ཁྲོད་ཀྱི་ཤངས་པ་ལྷ་མོའི་ཟློས་གར་རུ་ཁག29དང་ཤངས་པ་ལྷ་མོའི་ཟློས་གར་འཁྲབ་མཁན876ཡོད་པར་མ་ཟད། ད་དུང་ཆ་སྙོམས་ལོ9ལ་ཡིན་པའི་བྱིས་པ32ལས་གྲུབ་པའི་བྱིས་པའི་ཤངས་པ་ལྷ་མོའི་ཟློས་གར་རུ་ཁག1ཡོད། མི་རབས་ནས་མི་རབས་བར་ཤངས་པ་ལྷ་མོའི་ཟློས་གར་འཁྲབ་སྟོན་པས་འཁྲབ་སྟོན་ལག་ལེན་ཁྲོད་བརྒྱུད་འཛིན་དང་གསར་གཏོད་བྱས་ཏེ། གནའ་བོའི་ཤངས་པ་ལྷ་མོའི་ཟློས་གར་སྒྱུ་རྩལ་ལ་བརྗིད་ཉམས་གསར་པ་རྒྱུན་ཆད་མེད་པར་འཕྲོ་རུ་བཅུག་པ་རེད།།

( བདེ་ཆེན་གྱིས་བསྒྱུར། )