国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད། )རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་པ་བཅས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་སེམས་ཤུགས། ཀྲུང་གོའི་གདིང་ཤུགས་བཅས་མངོན་པར་བྱས་ཡོད། བློ་མཐུན་ཚའེ་ཤུས་ཀྲེ་ཡིས་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐེངས་2བསྒྲུབས་པ་དང་རིམ་རྩིས་བརྒྱབ་ན་གྲུ་ཚང་ནས་བདེ་བླག་ངང་ཕྱིར་ཐེངས་5དོན་ཏེ། རང་རྒྱལ་གྱི་གྲུ་ཚང་ནས་དོན་ཐེངས་མང་་ཤོས་ཀྱི་འཇིག་རྟེན་འཕུར་སྐྱོད་པར་གྱུར་པ་དང་། བློ་མཐུན་སུང་ལིང་ཏུང་གིས་བབ་བརླིང་བརྟན་གསུམ་དང་དཔའ་ངར་ཆེན་པོས་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཏེ། གྲུ་ཚང་ནས་ཕྱིར་ཐེངས་3དོན་ནས་རང་རྒྱལ་གྱི་གྲུ་ཚང་ནས་ཕྱིར་དོན་མཁན་90ནང་སྐྱེས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་པ། བློ་མཐུན་ཝང་ཧའོ་ཙེ་ཡིས་བློ་བརྟན་འགྱུར་མེད་དང་དཀའ་སྤྱད་ཞུན་བརྡར་བྱས་པས་གཟི་བརྗིད་ལྡན་པའི་ངང་ལྷ་གྲུ་ཨང་བཅུ་དགུ་པའི་མཁའ་སྐྱོད་ཚོགས་ཆུང་ནང་བདམས་པ་དང་། བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་མཁན་བུད་མེད་འཇིག་རྟེན་འཕུར་སྐྱོད་ཀྱི་བཟོ་སྐྲུན་པ་དང་པོར་གྱུར་ཡོད། ཁོང་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཚའེ་ཤུས་ཀྲེ་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གཉིས་པ”སྤྲད་རྒྱུ་དང་། བློ་མཐུན་སུང་ལིང་ཏུང་དང་ཝང་ཧའོ་ཙེ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲད་རྒྱུའི་གཏན་འབེབས་བྱས་པ་རེད།

བློ་མཐུན་ཚའེ་ཤུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་དུས་རབས་ཀྱི་གདོང་ལེན་པ་ཞིག་རེད་ལ། འཇིག་རྟེན་ཁམས་འཚོལ་ཞིབ་དང་། བར་སྣང་དུ་ཕུགས་འདུན་སྒྲུབ་པ། འཇིག་རྟེན་་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་ཀྱི་དཔེ་མཚོན་མིག་དཔེ་ཡང་རེད། ཏང་ཀྲུང་དབྱང་གིས་འབོད་སྐུལ་གནང་དོན། ཏང་ཡོངས་དང་། དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། བློ་མཐུན་་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “མདེལ་་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་ཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས།གདེང་ཚོད་བརྟན་པོ་དང་། ངེས་ཤུགས་རྒྱུན་འཁྱོངས།

འབད་འབུངས་ཡར་བརྩོན། འབད་འཐབ་ལེགས་འབུལ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)