国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་ཉག་རོང་རྫོང་མཚོ་ཁ་ལྗོངས་ཁུལ་གྱི་སྒོ་འབྱེད་ ངོ་སྤྲོད་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

སྤྱི་ཟླ7པའི་ཚེས22ཉིན། སི་ཁྲོན་དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་ལྗོངས་ཁུལ་སྒོ་འབྱེད་ངོ་སྤྲོད་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། འོས་སྦྱོར་ཚོགས་འདུར་རྒྱ་ཆེའི་འཕྲིན་སྦྱོར་དང་ཡུལ་སྐོར་ལས་དོན་ཁང་ཁག་ལ་མཚོ་ཁ་ལྗོངས་ཁུལ་གྱི་རིམ་སྤོར་གྲུབ་འབྲས་དང་། ཉག་རོང་རྫོང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ། ཡུལ་སྐོར་བ་ཚོར་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ལས་རིགས་དར་རྒྱས། ཞབས་ཞུ་ལེགས་པོའི་སི་ཁྲོན་ནུབ་རྒྱུད་ཡུལ་སྐོར་གྱི་རི་མོ་གསར་པ་ཞིག་བཀོད་ཡོད།

གནས་མཆོག་ལྷ་ཡུལ་ཞེས་གྲགས་པའི་མཚོ་ཁ་ལྗོངས་ཁུལ་འཛམ་གླིང་ལ་སྒོ་འབྱེད་རྒྱུ་ཡིན་ལ།མིག་སྔར་ཉག་རོང་རྫོང་དུ་སྨི་ངོས་གྲུ550ཡི་སྐྱེ་ཁམས་ཡུལ་སྐོར་ལྟེ་གནས་དང་།རླངས་འཁོར་འཇོག་ས100ལྷག་དང་དེ་བཞིན་རྡོ་ལེབ་བཏིངས་པའི་མཚོ་བསྐོར་རྐང་ལམ་བཅས་བསྐྲུན་ཡོད། ཐང་ག་རི་མོ་འབྲི་བ་དང་ཉག་རོང་གི་རྒྱན་ཆས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་ལ་མྱོང་རོལ་བྱེད་ཆོག་པ་དང་། མེ་ཏོག་ཤུན་དབྱིའི་རྒྱ་མཚོ་དང་ཤྭ་ཁྲ་གསོ་སྤེལ་སོགས་ཞིང་ལས་ཡུལ་སྐོར་ལས་གཞི་སྦྲེལ་མཐུད་བྱས་ཏེ། ལྟ་ཕྱོགས་མང་པོའི་ལྗོངས་ཁུལ་ལྟ་སྐོར་གྱི་སྟེགས་བུ་བསྐྲུན་ནས་དཔྱིད་ཀར་སྟག་མ་མེ་ཏོག་དང་། དབྱར་ཁར་ཚ་གཡོལ་གནས་མཆོག། སྟོན་ཁར་ཚོན་མདོག་ལྡན་པའི་ནགས་ཚལ། དགུན་ཁར་གངས་ལྗོངས་ལ་ལྟ་བའི་དུས་ཡུན་ཧྲིལ་པོའི་ཡུལ་སྐོར་མྱོང་རོལ་ཆོག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ7པའི་ཚེས27ཉིན་ཉག་རོང་རྫོང་མཚོ་ཁ་ལྗོངས་ཁུལ་གྱི་རྣམ་པ་གསར་པ་སླར་ཡང་མངོན་རྒྱུ་ཡིན་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་གྲོགས་པོ་རྣམས་དུས་ལྟར་མཚོ་སྐོར་ལ་ཕེབས་ཆོག།

( ཡེ་ཤེས་ཀྱིས་བསྒྱུར།)