国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་སྙིང་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས།

སྤྱི་ཟླ7ཚེས29ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་སྙིང་དོན་བརྒྱུད་སྦྱངས་བྱས་པས་མ་ཚད། ད་དུང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཞིར་རྟོག་ཞིབ་གནང་སྐབས་མཛུབ་སྟོན་གལ་ཆེན་གནང་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་ཆེན་རྒྱུན་འཛིན་དང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་པ། བདེ་འཇགས་བརྟན་བརླིང་གི་མཐིལ་ཚད་སྲུང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བའི་སློབ་སྦྱོང་སློབ་གསོའི་རྗེས་མཐུད་ལས་དོན་དམ་འཛིན་ཞིབ་འཛིན་བྱ་རྒྱུ་སོགས་ཀྱི་ཐད་བླང་བྱ་གལ་ཆེན་བཏོན་ཡོད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གནོད་སེལ་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་བཅས་བརྒྱུད་སྦྱངས་བྱས་པ་དང་། ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་འཇོག་བྱས་པ་རེད།

ཚོགས་འདུར་ད་དུང་སྤྱི་ཟླ7ཚེས25ཉིན་འཚོགས་པའི་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་རྒྱས་འཛོམས་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད།

ཚོགས་འདུར་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)