国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་རྒྱལ་ཁབ་ནུས་ཁུངས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཞུའེ་ཉན་ཧྭ་དང་མཇལ་འཛོམས་གནང་།

སྤྱི་ཟླ7ཚེས29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་རྐང་དཔོན་ཞུའེ་ཉན་ཧྭ་དང་བཅས་པ་དང་མཇལ་འཛོམས་གནང་ཞིང་། ཕྱོགས་གཉིས་པོས་ས་གནས་དང་ཁེ་ལས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་གནང་བ་རེད།

ཧྲེན་དབྱང་གིས་ཞུའེ་ཉན་ཧྭ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་རྒྱལ་ཁབ་ནུས་ཁུངས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཧྲེན་དབྱང་གིས་དཀར་མཛེས་ཁུལ་དང་རྒྱལ་ཁབ་ནུས་ཁུངས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ལ་མཉམ་ལས་ཀྱི་རྨང་གཞི་ཟབ་ཅིང་མདུན་ལམ་རྒྱ་ཆེན་པོ་ལྡན་ཡོད། ད་སྔར། དཀར་མཛེས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་འཛུགས་སྐྲུན་ཧུར་ཐག་བྱེད་བཞིན་ཡོད།( པར་ངོས་གཉིས་པར་གཟིགས།)