国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་ཏེ་དཀར་མཛེས་ཁུལ་གྱིས་དམག་དཔུང་བཙུགས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བའི་དམག་ཡུལ་གྱི་མཐུན་འབྲེལ་བྱེད་སྒོ་སྤེལ།

སྤྱི་ཟླ7པའི་ཚེས29ཉིན། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་ཏེ་དཀར་མཛེས་ཁུལ་གྱིས་དམག་དཔུང་བཙུགས་ནས་ལོ98འཁོར་བར་རྟེན་འབྲེལ་ཞུ་བའི་དམག་ཡུལ་གྱི་མཐུན་འབྲེལ་བྱེད་སྒོ་དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་སྐབས་བསྟུན་ཡན་ལག་རུ་ཁག་གཉིས་པར་ཕུན་སུམ་ཚོགས་པའི་ངང་སྤེལ་ཞིང་། གླུ་དབྱངས་དང་ཞབས་བྲོ། ཐལ་སྒྲ་དགའ་འབོད་བཅས་ཀྱི་ཐོག་ནས་རང་ཁུལ་དམག་སྲིད་དང་དམག་དམངས་ཀྱི་ལས་དབང་སེམས་པ་གཅིག་མཐུན་གྱི་མཛའ་བརྩེ་ཟབ་མོ་མངོན་པར་མཚོན་ཡོད།

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ98འཁོར་བའི་དུས་ཆེན་བསླེབ་པར་རྟེན་འབྲེལ་ཞུ་བ་དང་། སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་སྟེ། དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་དམག་སྲིད་དམག་དམངས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་དང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གང་ལེགས་མངོན་པ་དང་། དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་གཉིས་བཀུར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བ་དང་། དམག་སྲིད་དམག་དམངས་ཀྱི་འབྲེལ་བ་སྲ་བརྟན་དུ་བཏང་ནས་རྒྱལ་ཡོངས་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གསར་དུ་འཛུགས་པའི་གྲུབ་འབྲས་སྲ་བརྟན་གཏོང་བའི་ཆེད་དུ་ཡིན་པ་རེད།

( པར་ངོས་གཉིས་པར་གཟིགས།)