国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་རྒྱལ་ཁབ་ནུས་ཁུངས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ ཞུའེ་ཉན་ཧྭ་དང་མཇལ་འཛོམས་གནང་།

( པར་ངོས་དང་པོར་མཐུད།) རྒྱལ་ཁབ་ནུས་ཁུངས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་གཙོ་པོའི་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་མཉམ་ལས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཆུ་གློག་ཁང་གིས་གནས་སྤོས་ཡུལ་མི་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཡུལ་སྡེ་དར་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འབགས་མེད་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ནང་ཧུར་ཐག་ཞུགས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད། དཀར་མཛེས་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་གང་ཐུབ་བྱས་ཏེ་ས་གནས་དང་ཁེ་ལས་མཉམ་ལས་འཕེལ་རྒྱས་དང་གཉིས་ཕན་མཉམ་ཁེ་ཡོང་བར་མཉམ་དུ་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞུའེ་ཉན་ཧྭ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་ངེད་སྤྱི་གཉེར་ཁང་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྤྱི་གཉེར་ཁང་གི་འཕེལ་རྒྱས་གནས་ཚུལ་དང་ཁུལ་དུ་འབྲེལ་ཡོད་ལས་གཞི་སྤེལ་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་ལ་ནུས་ཁུངས་གཙང་མ་ཕུན་སུམ་ཚོགས་པ་དང་། ཚོང་གཉེར་ཁོར་ཡུག་བཟང་བ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ང་ཚོས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་མུ་མཐུད་དེ་བརྟན་པོར་ཁུར་ནས་དཀར་མཛེས་ཁུལ་དང་འཐབ་ཇུས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་ཞིང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་མགྱོགས་སུ་གཏོང་བ་དང་། ཉེན་མེད་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ཧུར་ཐག་ལེགས་པར་བསྒྲུབ་པ། མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་པར་ཁེ་ལས་ཀྱི་བྱས་རྗེས་གཞག་རྒྱུ་ཡིན་ཞེས་གསུངས་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)