( པར་ངོས་དང་པོར་མཐུད།)ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རང་ཁུལ་ལ“རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། དཔུང་སྡེའི་དཔོན་དམག་གིས་སྒེར་སེམས་མེད་པའི་བྱས་རྗེས་ཕུལ་བ་ནས་སྤྱི་ཚོགས་ལས་རིགས་ཁག་གིས་དམག་དཔུང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་བར། འབད་བརྩོན་ཚང་མ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་ལ་བསྐུལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཕྱིན་ཆད་ལས་ཀའི་ཁྲོད། རང་ཁུལ་གྱིས་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། སྤྲོ་སེམས་སྔར་ལས་ཕུན་སུམ་ཚོགས་པ་དང་ཡིད་ཆེས་སྔར་ལས་ཆེན་པོས་དཀར་མཛེས་ཁུལ་གྱི་གཉིས་བཀུར་བྱ་གཞག་འཕེལ་རྒྱས་གཏོང་བར་མཉམ་དུ་སྟོབས་ཤུགས་སྣོན་པ་དང་། རང་གི་མི་དམངས་ལ་དགའ་བ་དང་རང་དམག་ལ་དགའ་བའི་སྤྱི་ཚོགས་ཀྱི་དར་སྲོལ་རྒྱུན་མི་ཆད་པར་ཆེ་རུ་བཏང་སྟེ། གནས་མཆོག་དཀར་མཛེས་ཁུལ་གྱི་གཉིས་བཀུར་ལེའུ་གསར་པ་རྒྱུན་ཆད་མེད་པར་བྲི་རྒྱུ་རེད།
འབྲེལ་ཡོད་མགོ་ཁྲིད་དང་མི་སྣ་བྱེད་སྒོར་ཞུགས་ཡོད།།
( བདེ་སྐྱིད་ཀྱིས་བསྒྱུར།)