སྤྱི་ཟླ8པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཉེ་དུས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་ཞབས་ཞུ་འགན་ལེན་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་བབ་ལ་དབྱེ་ཞིབ་དང་ཕྱིན་ཆད་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀྲུང་ཁོ་ཚོགས་འདུར་ཞུགས་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་ད་སྔར་ཁུལ་ཡོངས་ཀྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་ཞིང་། ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བ་དེས་གནས་མཆོག་དཀར་མཛེས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད། ཡུལ་སྐོར་བ་གློ་བུར་དུ་མང་བའི་མདུན་དུ་ས་གནས་ཁག་གི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཁག་གིས་རིག་གནས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཞབས་ཞུའི་འགན་ལེན་ལ་ཤུགས་རྒྱག་པ་དང་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས་ཡུལ་སྐོར་བར་ཕུགས་འདུན་དང་སེམས་ཀྱི་དག་ཞིང་འཚོལ་བའི་འགྲུལ་སྐྱོད་མྱོང་རོལ་འཐོབ་པར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཧྥུང་ཧྥ་ཀུའེ་ཡིས་གཅིག་ནས་དཀའ་གནད་དང་འགྲིམ་འགྲུལ་འགག་གནད་ཤེས་རྟོགས་དང་ཐག་གཅད་དགོས་པ་དང་། གཉིས་ནས་རེ་འདུན་དང་ལེན་བྱེད་པའི་ཐབས་ལམ་ཐོགས་མེད་དུ་གཏང་དགོས། གསུམ་ནས་དམིགས་བསལ་ཚོགས་སྤྱིར་སྙིང་ཉེ་བའི་ཞབས་འདེགས་ཞུ་དགོས། བཞི་ནས་བདེ་འཇགས་ཀྱི་འགོག་སྲུང་ར་བ་བརྟན་པོ་བཟོ་དགོས་ཞེས་ནན་གསུང་གནང་བ་རེད།།
(བདེ་སྐྱིད་ཀྱིས་བསྒྱུར།)