国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་རྫོང་གི་ཟུར་རོགས་ཉེན་རྟོག་པ་ཧུའུ་ཀྲའོ་དབྱིར་དཀར་མཛེས་ཁུལ་གྱི་བདེན་པའི་རྒྱབ་ལངས་དཔའ་བོ་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ།

ཉེ་ཆར། རོང་བྲག་རྫོང་སྤྱི་བདེ་ཅུས་ཀྱི་ཁྱད་ལྡན་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱི་ཟུར་རོགས་ཉེན་རྟོག་པ་ཧུའུ་ཀྲའོ་དབྱི་ལ་ཁུལ་མི་དམངས་སྲིད་གཞུང་གིས་བདེན་པའི་རྒྱབ་ལངས་དཔའ་བོ་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། དེ་ནི་ད་ལོའི་ཟླ་བ3པར་རོང་བྲག་རྫོང་མི་དམངས་སྲིད་གཞུང་གིས་བདེན་པའི་རྒྱབ་ལངས་སྤྱི་དམངས་ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་རྗེས་ཀྱི་གུས་ལུགས་འཛིན་སྟངས་གཞན་ཞིག་རེད། ད་སྔར། ཁུལ་བསམ་པའི་དཔལ་ཡོན་གཞུང་དོན་ཁང་གིས2025ལོའི་དུས་ཚིགས་གསུམ་པའི“སི་ཁྲོན་གྱི་མི་བཟང་པོ”ལ་སྙན་སེང་ཞུ་རྒྱུའི་ལས་དོན་ལ་ཧུར་ཐག་འབད་བཞིན་ཡོད་པ་རེད།

《གཏན་འབེབས》སུ་ལོ་ན22ལ་སོན་པའི་ཧུའུ་ཀྲའོ་དབྱི་ཡིས་མི་སྒེར་གྱི་ཉེན་ཁ་ལ་མ་བལྟོས་པར་ཐེངས་གཉིས་ཆུར་ལྷུང་མཁན་གཉིས་དཔའ་ངར་ཆེན་པོས་སྐྱོབ་པའི་བདེན་པའི་རྒྱབ་ལངས་སྔོན་ཐོན་གྱི་བྱས་རྗེས་དེ་དུས་རབས་གསར་པའི་དཀར་མཛེས་ཁུལ་གཞོན་ནུ་ཚོའི་བླ་ན་མེད་པའི་ཀུན་སྤྱོད་དང་། ཡར་རྒྱས་དགེ་སྒྲུབ་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་མ་ཟད། སྤྱི་ཚོགས་ཀྱི་དྲང་ཕྱོགས་ཀྱི་ནུས་ཤུགས་བརྒྱུད་སྤྲོད་བྱས་པ་རེད། 《སི་ཁྲོན་ཞིང་ཆེན་གྱི་བདེན་པའི་རྒྱབ་ལངས་དཔའ་བོར་སྲུང་སྐྱོང་དང་བྱ་དགའ་སྤྲོད་པའི་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཁུལ་སྲིད་གཞུང་གིས་ཧུའུ་ཀྲའོ་དབྱི་ལ་བདེན་པའི་རྒྱབ་ལངས་དཔའ་བོའི་མཚན་སྙན་སྤྲད་རྒྱུའི་གཏན་འབེབས་བྱས་པ་རེད།( པར་ངོས་གཉིས་པར་གཟིགས།)