( པར་ངོས་དང་པོར་མཐུད།)
གཏན་འབེབས་ཆོད་དོན་ནང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཧུའུ་ཀྲའོ་དབྱི་མིག་དཔེ་རུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། བདེན་པའི་རྒྱབ་ལངས་གཏམ་རྒྱུད་མུ་མཐུད་དེ་བྲིས་ཏེ་བདེན་པའི་རྒྱབ་ལངས་བྱ་སྤྱོད་སྤེལ་བའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་རྒྱུར་བསྐུལ་དགོས། ས་གནས་ཁག་དང་སྡེ་ཚན་ཁག། སྤྱི་ཚོགས་ལས་རིགས་ཁག་གིས་བདེན་པའི་རྒྱབ་ལངས་བྱ་སྤྱོད་ལ་གཅེས་སྐྱོང་དང་རྒྱབ་སྐྱོར་དང་སྦྲགས་དེའི་ཁྲོད་དུ་ཞུགས་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་དཀར་མཛེས་ཁུལ་འཛུགས་པར་བྱས་རྗེས་གཞག་དགོས་ཞེས་འབོད་སྐུལ་བྱས་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)