国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་ནང་གི་ཁྱོད།

སྙན་ངག་བྲིས་ན་ཁྱོད་རང་དྲན་པ་ཕྲིས།།

དྲན་པའི་ནང་ན་ཁྱོད་ཀྱི་མཛེས་པ་ཕྲིས།།

མཛེས་པ་ནང་ན་ཁྱོད་རང་ཡོད་པ་ཕྲིས།།

ཁྱོད་ཀྱི་མཛེས་པ་དེ་དག་མཐོང་བ་ཕྲིས།།

སྙན་ངག་བྲིས་ན་ཁྱོད་ཀྱི་གཤིས་ཀ་ཕྲིས།།

གཤིས་ཀ་རང་བཞིན་ཚུལ་དུ་རེ་རེ་ཕྲིས།།

ཁྱོད་ཀྱི་རང་གཤིས་ངོ་མ་འདི་ནས་ཕྲིས།།

ཁྱོད་ཀྱི་གཤིས་ཀ་དེ་དག་མཐོང་བ་ཕྲིས།།

སྙན་ངག་བྲིས་ན་ཁྱོད་ཉིད་ལང་ཚོ་ཕྲིས།།

ལང་ཚོ་དར་མ་བཅུ་དྲུག་གཞོན་ནུ་ཕྲིས།།

གཞོན་ནུ་མེ་ཏོག་པདྨ་རང་བཞིན་ཕྲིས།།

ཁྱོད་ཀྱི་ཡིད་འོང་དེ་དག་མཐོང་བ་ཕྲིས།།

སྙན་ངག་བྲིས་ན་ཁྱོད་ཀྱི་སེམས་པ་ཕྲིས།།

སེམས་པ་ཁ་བ་བཞིན་དུ་དཀར་པོ་ཕྲིས།།

དཀར་པོ་ཁྱོད་དང་ཁ་དོག་འདྲ་བོ་ཕྲིས།།

ཁྱོད་ཀྱི་སེམས་པ་དེ་དག་མཐོང་བ་ཕྲིས།།

སྙན་ངག་བྲིས་ན་ཁྱོད་ཀྱི་འཇིག་རྟེན་ཕྲིས།།

འཇིག་རྟེན་ར་བ་མེ་ཏོག་ཞིང་ཁམས་ཕྲིས།།

ཞིང་ཁམས་དེ་ལས་ཡག་པ་མེད་པ་ཕྲིས།།

ཁྱོད་ཀྱི་འཇིག་རྟེན་དེ་དག་མཐོང་བ་ཕྲིས།།

༼ བཞག་ཚ། ༽