སྤྱི་ཟླ8པའི་ཚེས17ཉིན། གསེར་རྟ་དམངས་ཁྲོད་ཀྱི་བོད་ཀྱི་ཟློས་གར་སྒྱུ་རྩལ་པ777གྱིས་གསེར་ཁོག་གྲོང་རྡལ་ཡངས་པའི་རྩྭ་ཐང་ནས་གེ་སར་སྒྲུང་གི་མི་སྣ་འཁྲབ་སྟོན་བྱས་པ་དེར་འཛམ་གླིང་ཟིན་ཐོ་དཔང་གཅོད་སྒྲིག་གཞི(WRCA)ཡིས་འཛམ་གླིང་སྟེང་གི“གཞི་ཁྱོན་ཆེ་ཤོས་ཀྱི་གེ་སར་ཟློས་གར་འཁྲབ་སྟོན”ཡིན་པར་ངོས་འཛིན་བྱས།
གསེར་རྟ་ནི་གེ་སར་ཟློས་གར་གྱི་འབྱུང་གནས་ཡིན་པས་ས་གནས་མང་ཚོགས་ཀྱི་རྨང་གཞི་ལེགས་པོ་ཡོད། བོད་ཀྱི་ཟློས་གར་གསར་གཏོད་དང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གསེར་རྟ་རྫོང་གིས་གེ་སར་ཟློས་གར་དེ་གླུ་གར་དང་ལ་གླུ། རྩལ་འགྲན། སྐོར་བྲོ་སོགས་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་དང་གཞི་གཅིག་ཏུ་འདྲེས་པར་བྱས་ནས་གསེར་རྟའི་གེ་སར་ཟློས་གར་གསོན་ཉམས་ལྡན་པ་དང་སྤྲོ་སྣང་ཆེ་བ། འཕྲོད་ཚད་མཐོ་བ་བཅས་ཀྱི་སྒྱུ་རྩལ་ཀུན་འདུས་ཀྱི་བོད་ཀྱི་ཟློས་གར་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད། གསེར་རྟ་གེ་སར་ཟློས་གར་ནི2024ལོར་སི་ཁྲོན་ཞིང་ཆེན་གྱིས“གྲོང་ཁྱེར་བརྒྱ་དང་སྒྱུ་རྩལ་བརྒྱའི”སྤུས་རྟགས་རྣམ་གྲངས་ལ་བདམས་པ་རེད།
འཛམ་གླིང་ཟིན་ཐོ་དཔང་གཅོད(WRCA)གཞུང་ཕྱོགས་ཀྱིས་ཞིབ་བཤེར་བྱས་པར་བརྒྱུད། འཛམ་གླིང་ཟིན་ཐོ་དཔང་གཅོད་དཔོན་མ་ཁེ་ཞི་མུའུ་དང་ཀྲུང་གོའི་ཕྱོགས་ཀྱི་འཐུས་མི་ཝང་ཅིན་གྱིས་འགྲན་སློང་ལ་རྒྱལ་ཁ་ཐོབ་ནས་ཟིན་ཐོ་གསར་པ་བཏོད་པ་ཁྱབ་བསྒྲགས་བྱས་པའི་གྲུབ་འབྲས་དེ་འཛམ་གླིང་ཟིན་ཐོའི་ལོ་རྒྱུས་ནང་དངོས་སུ་བཀོད་པ་མཚོན།།
( རྟ་མགྲིན་རྡོ་རྗེས་བསྒྱུར།)