ཉེ་ཆར། མཚོ་འཕགས་སྨི4014ཡིན་པའི་ལི་ཐང་མཁའ་དབྱིངས་གྲོང་ཁྱེར་དུ་གློག་གསོག་བརྗེ་ས་ཚུགས་བཙུགས་པ་ནི་ཁྲོན་བོད་ལྷོ་རྒྱུད་ཀྱི་གློག་གསོག་བརྗེ་སི་ཁྲོན་ལམ་མཚམས་སུ་སྦྲེལ་མཐུད་ཐུབ་པ་རེད།
ལི་ཐང་ས་ཚུགས་ནི་ཁྲོན་བོད་ལྷོ་རྒྱུད་ཀྱི་གློག་གསོག་བརྗེ་སི་ཁྲོན་ལམ་མཚམས་ཀྱི་ས་བབ་མཐོ་ཤོས་ཀྱི་མཇུག་སྒྲིལ་ས་ཚུགས་ཡིན་ཞིང་། ཉིན་རེར་རླངས་འཁོར400ལྷག་ལ་གློག་བརྗེ་ཐུབ། ཝེ་ལའེ་དང་ལེ་ཏའོ་སྤྱོད་མཁན་ལ་སྐར་མ་གསུམ་ནང་གློག་བརྗེ་བའི་ཞབས་ཞུ་མཁོ་འདོན་བྱེད་པར་མ་ཟད། འགག་སྨད་དང་ར་རྔ་ཁ། འབའ་ཐང་སོགས་ས་ཚུགས་ལྔ་སྦྲེལ་མཐུད་བྱས་ཏེ་འབབ་ཚུགས་གལ་ཆེན་ཚང་མར་གློག་བརྗེ་ཐུབ་པས་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་སྟབས་བདེ་ངང་བསྐྱོད་ཆོག།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིསG318མཛེས་སྡུག་ཆེ་ཤོས་ཀྱི་ལྗོངས་ཁུལ་ལམ་ཆེན་སྐྲུན་པའི་འབྲེལ་ཡོད་ལས་ཀའི་བླང་བྱ་ལྟར། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“6+9+N”ཞབས་ཞུའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་གྱིས་ཧྭ་ཝུའེ་དང་ཝུའེ་ལའེ་སོགས་གློག་གསོག(བརྗེ)ཁེ་ལས་སྒྲིག་བཀོད་བསྐྲུན་པ་རེད། ན་ནིང་འཛམ་གླིང་གི་མཐོ་སྒང་འབགས་མེད་ཚད་བརྒལ་གློག་གསོག་ས་ཚུགས་ཐོག་མ་བསྐྲུན་པ་དང་། ད་ལོར་ཁྲོན་བོད་ལྷོ་རྒྱུད་ཀྱི་གློག་གསོག་སི་ཁྲོན་ལམ་མཚམས་སྦྲེལ་མཐུད་མངོན་འགྱུར་བྱུང་བ་དང་། འབགས་མེད་ནུས་གསབ་སྒྲིག་བཀོད་མཐུན་སྦྱོར་ངང་འཁོར་སྐྱོད་བྱས་ནས་ཉིན་རེར་རླངས་འཁོར8400ལ་གློག་གསོག་ཐུབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ8པའི་ཟླ་དཀྱིལ་ནས་ཟླ་མཇུག་ཏུ་བོད་ལྗོངས་ལམ་མཚམས་ཀྱི་གློག་གསོག་བརྗེ་ས་ཚུགས་བརྗེ་རེས་གསར་དུ་བཀོད་སྒྲིག་བྱས་ཤིང་ཁྲེང་ཏུའུ་ནས་ཇོ་མོ་གླང་མ་སྒར་དུ་ཐད་ཀར་སྐྱོད་པའི་ཁྲོན་བོད་ལྷོ་རྒྱུད་ཀྱི་གློག་གསོག་ལམ་ཐིག་ཧྲིལ་པོར་ཁྱབ་ཡོད།།( ཡེ་ཤེས་ཀྱིས་བསྒྱུར།)