■ སྤྱི་ཟླ8ཚེས15ཉིན། ཁུལ་ཡོངས་ཀྱི2025ལོའི་ཟླ་བ7པའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་ཚོགས་འདུ་དར་མདོར་འཚོགས་པ་རེད།།
■ ཉེ་ཆར། བེད་མེད་གད་སྙིགས14655ལས་བཟོས་པའི་ཁོར་ཡུག་སྲུང་སྐྱོང་སྒྱུ་རྩལ་སྒྲིག་ཆས་ཆེ་གྲས《ངོ་མཚར་གྱི་འཇིག་རྟེན》ཞེས་པ་རང་ཁུལ་གྱི་རྒྱལ་ལམ318པ་རྒྱུ་ལ་ལྗོངས་ཁུལ་གྱི་ལྗོངས་ལྟ་སྟེགས་བུར་དངོས་སུ་བཙུགས་པ་རེད།།
■ ཉེ་ཆར། དཔལ་ཡུལ་རྫོང་གིས་ཤེས་ལྡན་མི་སྣ་མཐོ་སྒང་དུ་འཛོམས་ནས་ལས་ལམ་གསར་པར་སྐྱོད་འགོ་བརྩམས་ཞེས་པའི2025ལོའི་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་གཞོན་ནུ་ཆེད་དོན་གདན་ཞུའི་ཚོགས་འདུ་དང་ཕུལ་བྱུང་ལས་གཏོད་རྣམ་གྲངས་འགྲེམས་སྟོན་བྱེད་སྒོ་དཔལ་ཡུལ་རྫོང་གྲོང་སྲིད་ཐང་ཆེན་དུ་སྤེལ་བ་རེད།།
■ ཉེ་ཆར། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གསོ་སྐྱོང་གླིང་གིས་མཉམ་དུ་སྤེལ་བའི་སྤྱི་ཚོགས་རྩ་འཛུགས་ཀྱི་སྤེལ་རེས་བྱེད་སྒོ་དཀར་མཛེས་ཁུལ་སྤྱི་ཚོགས་རྩ་འཛུགས་གསོ་སྐྱོང་གླིང་དུ་བདེ་བླག་ངང་སྤེལ་བ་རེད།།
■ ཉེ་ཆར། ལས་བྱེད་པའི་ནུས་པའི་བྱང་ཚད་ཆེ་རུ་གཏོང་བ་དང་ལི་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རོགས་རམ་བྱ་ཆེད། ལི་ཐང་རྫོང་གི་རྐང་འཛིན་སློབ་མ་བསྡུས་ནས་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཁུལ་དུ་བསྐྱོད་ནས་ཀྲེ་ཅང་དང་ལི་ཐང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་རིགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་རེད།།