དངོས་མིང་ལ་བྱམས་པ་རབ་བརྟན་འབོད་ཅིང་དྲྭ་མིང་ལ་སྙན་རྐང་གླིང་ཞེས་བཏགས།སྤྱི་ལོ༢༠༠༠ལོར་ཕ་ཡུལ་ཁམས་ཕྱོགས་རོང་འབྲོག་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ལོ་མང་རིང་ལ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས་པ་དང་རྩོམ་ཡིག་ཐར་ཐོར་བྲིས་ནས་ཡོང་བ་ཡིན། དེང་རབས་བོད་ཀྱི་སྙན་ངག་འགྲན་བསྡུར་ཆེ་འབྲིང་ཆུང་གསུམ་དུ་མའི་ནང་ནས་ཨང་རིམ་མི་ཉུང་པ་བླངས།༢༠༢༤ལོའི《སྙན་ངག་གི་ལྷས་ར》ཞེས་པའི་སྙན་དེབ་གཉིས་པ་དེ་གཙོ་སྒྲུབ་བྱས།༢༠༢༤ལོའི་སྙན་དེབ《ངག་གི་སྒྱུ་འཕྲུལ》ཞེས་པ་དེ་ཡང་གཙོ་སྒྲུབ་བྱས། དེང་རབས་བོད་འབྲེལ་ས་ཁུལ་གྱི་དུས་དེབ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《གངས་དཀར་རི་བོ》《བེ་རུ་དུག་མཚོ》《པད་དཀར་མཆོད་སྤྲིན》《སྨུག་ཆུ》《ལྗོན་དབང》《གསེར་མོ་ལྗོངས》བཅས་དུས་དེབ་བཅུ་ལྷག་གི་ནང་དུ་རྩོམ་ཡིག་མང་དག་ཅིག་སྤེལ། ཚགས་པར《མི་རབས་གསར་པའི་ཚགས་པར》《རྔ་བའི་ཚགས་པར》《ཁམས་པའི་ཚགས་པར》《གཏེར་ལུང་ན་གཞོན་ཚགས་པར》《གངས་དཀར་པོ་རྩོམ་རིག་ཚགས་པར》སོགས་ཚགས་པར་བརྒྱ་ལྷག་གི་ནང་ལ་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་མང་དག་ཅིག་སྤེལ་མྱོང་། ཉེ་དུས་ཤོ་ལོ་ཀ་བརྒྱ་ལས་བརྒལ་བའི་ཚིགས་བཅད་སྙན་ངག་འདྲ་མིན་ཅི་རིགས་ཤིག་བྲིས་ཏེ་འཕྲིན་སྟེགས་ཁག་ལ་སྤེལ།ད་ལྟ་ཡང་རྩོམ་རིག་དང་གཞས་ཚིག་དག་ལ་མུས་ནས་བརྩོན་པ་བྱེད་ཀྱིན་ཡོད།