གྲངས་མེད་ཉིན་ཞག་བཙལ་ནས་གཅིག་པུ་རུ། །
སྣང་བའི་ཁ་ཕྱོགས་དེས་ཀྱང་ནང་སེམས་ཚོར། །
མིང་དང་ཚིག་གིས་མ་མཚོན་ཁེར་རྐྱང་ལས། །
སྨྲེང་བའི་གཞས་ཚོགས་ཉན་ཏེ་གཅིག་པུ་སྒུར། །
ནམ་ཟླའི་འགྲུལ་བཞུད་ཁྲོད་ནས་ཟླ་བརྒྱད་པ། །
རང་ལ་དབང་བའི་དུས་ཚིགས་དུམ་བུ་ཞིག །
ནམ་ཟླའི་གོ་རིམ་ཀློང་ནས་མཐའ་ཡས་པའི། །
ཟླ་བ་བརྒྱད་པའི་འགྱུར་ལྡོག་བདག་དང་ཉེ། །
མཚན་མོའི་རྨི་ལམ་བརྒལ་བ་གློ་བུར་ངང་། །
མ་བཅོས་ལྷན་སྐྱེས་བརྩེ་བ་དྲན་སྣང་བྱུང་། །
ཕ་རོལ་ཚོགས་སུ་མངོན་པ་བདག་ཡིད་དེས། །
སྟོང་པའི་མེ་ལོང་བཞིན་དུ་སྙིང་དུ་སྡུག །
སྟོན་ཟླ་བརྒྱད་པ་འདྲ་བའི་མཛེས་སྡུག་ལ། །
སྙིང་དང་བརྩེ་བའི་དྲོད་ཀྱིས་ཡང་ཡང་འཁྱུད། །
འདང་ཞེན་རིང་མོ་ཞིག་གི་བར་གསེང་ནས། །
ཟླ་བ་བརྒྱད་པའི་ལང་ཚོ་གསལ་ཞིང་འཚེར། །
༼ ཁམས་འོད་གསལ། ༽