国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60འཁོར་བའི་ལོ་ཡིན་ཞིང་། རབ་བྱུང་གཅིག་ནས་ལོ་ངོ་བརྒྱ་སྟོང་མཆོང་རྒལ་བྱུང་ཡོད། ལོ60རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག། བོད་ལྗོངས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ནས། མི་ཡུལ་གྱི་ངོ་མཚར་ཉམས་པ་མེད་པ་བསྐྲུན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་ལ་མཐོང་ཆེན་གནང་བ་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཐུགས་ལ་བཏགས་ནས་སྐུ་ངོ་མས་དུས་རབས་གསར་པའི་བོད་ལྗོངས་ལས་དོན་འཆར་ཇུས་བཀོད་ཅིང་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ཞིང་། མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་བཏོན་གནང་ཡོད། སྐུ་ངོ་མས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་ཇུས་འགོད་བཀོད་སྒྲིག་གནང་ནས་འཚོགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་གཏན་ལ་ཕབ་ཅིང་། དུས་རབས་གསར་པའི་བོད་ལྗོངས་ལས་དོན་ཡག་པོར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྩ་བའི་བསྲུང་བྱ་བཏོན་ཏེ། བོད་ལྗོངས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྣེ་ཁྲིད་བྱས་པ་རེད།།