国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐལ་བཟང་མེ་ཏོག་རི་ཀླུང་ཀུན་ཏུ་བཞད།། མཐུན་སྒྲིལ་འབད་འཐབ་རྒྱང་ལམ་གསར་པར་སྐྱོད།།

བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལྷ་ས་དང་ཉིང་ཁྲིའི་བར་གྱི་ལྕགས་ལམ་དུ་སྐྱོད་བཞིན་པ།

བོད་ལྗོངས་དིང་རི་རྫོང་ཟིང་དཀར་གྲོང་སྡེའི་ཡུལ་མི་ཚོ་ས་འགུལ་རིམ་པ6.8བྱུང་ནས་གནོད་རྗེས་བསྐྱར་འཛུགས་ཀྱི་སྡོད་ཁང་ཚན་འབོར་དང་པོར་སྤོ་བའི་མཛད་སྒོར་ཞུགས་རྗེས་ཡུལ་མི་ཞིག་གི་ཁྱིམ་ཚང་དུ་ཇ་འཐུང་བཞིན་པ།

ཡུལ་སྐོར་བས་བོད་ལྗོངས་ཡར་ཉང་རྒྱལ་ཁབ་འདམ་ར་གླིང་གར་ལྟད་མོ་ལྟ་བཞིན་པ།

དམངས་ཁྲོད་བོད་ཀྱི་ཟློས་གར་འཁྲབ་སྟོན་རུ་ཁག་གིས་བོད་ལྗོངས་རྣམ་གླིང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གླིང་ག་རུ་ཤངས་པ་ཟློས་གར་འཁྲབ་བཞིན་པ།

ཏ་ལེན་གསོ་རིག་ཚན་ཁག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་རོགས་སྐྱོར་སྨན་པ་ཐེན་ཚུང་ལེང(གཡོན་གྱི་གཉིས་པ)དང་ལས་རོགས་ཚོས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ནད་པར་བརྟག་བཤེར་བྱེད་བཞིན་པ།

འཛུགས་སྐྲུན་བྱེད་བཞིན་པའི་གཡས་པ་ཐང་ཆུ་གློག་ས་ཚུགས། ཆུ་གློག་ས་ཚུགས་དེ་སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་སྟོད་རྒྱུད་དུ་གནས་ཡོད།

བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གངས་ལྗོངས་བུ་རྒྱུད་ཚོ་ལ་བརྩེ་བ་བཅངས་ནས་བོད་ལྗོངས་འཕེལ་རྒྱས་ཡོང་བའི་འཆར་རིས་བཀོད་པའི་པར་རིས་བདམས་བཀོད།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

2019ལོའི་ལོ་མཇུག་ལ་བོད་ལྗོངས་ཀྱི་དབུལ་ཕོངས་རྫོང་དང་ཆུས74ཡི་དབུལ་ཞྭ་ཕུད་ཐུབ་ཡོད་ལ་ཡིག་ཚགས་བྱང་འཛུགས་དབུལ་པོ་ཁྲི62.8དབུལ་ཐར་བྱུང་ཡོད། སློབ་གསོའི་བྱ་གཞག་སྔོན་ཐོབ་གོང་འཕེལ་བྱུང་ཞིང་བྱིས་སློབ་ཁང་ནས་མཐོ་འབྲིང་བར་གྱི་ལོ15ཡི་གཞུང་གྲོན་སློབ་གསོ་ལག་ལེན་སྔོན་ལ་བསྟར་ཡོད། སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་སྲུང་སྐྱོང་བེད་སྤྱོད་ནུས་ལྡན་ཐུབ་ཅིང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། གྲོང་ཡུལ་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ་དང་། ཞིང་འབྲོག་པའི་བདེ་ཐང་ཞིབ་བཤེར་ཁྱོན་ཡོངས་ལ་ཁེབས་ཡོད། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ72.5ལ་སྤར་ཐུབ་ཡོད། 2024ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་བསྡོམས་འབོར་སྤྱི་ལེ་ཁྲི12.49ལ་ཟིན་ཞིང་ལྕགས་ལམ་སྐྱེལ་གཉེར་ལམ་ཐག་སྤྱི་ལེ1359ལ་ཟིན་ཡོད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ183ལ་ཟིན་ཡོད། བོད་ལྗོངས་ཀྱི་ལྗོངས་ཧྲིལ་པོའི་རྒྱལ་སའི་བརྒྱ་ཆ50ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་རྒྱ་རུ་ཚུད་ཅིང་། ནགས་ཚལ་ཁེབས་ཚད་བརྒྱ་ཆ12.31མཐོ་རུ་སོང་ཡོད། ཁོར་ཡུག་མཁའ་དབུགས་སྤུས་ཚད་བཟང་པོའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆ99.7ལ་ཟིན་པ་དང་། ཆུ་དང་གཙང་པོ་མཚེའུ་ཡི་ཆུ་སྤུས་ཆུ་གཟུགས་རིགས་གསུམ་པར་སླེབས་ཚད་བརྒྱ་ཆ100ལ་ཟིན་པ་དང་ཡང་ན་དེ་ལས་བཟང་ཡོད། སྐྱེ་ཁམས་ཀྱི་ལས་གནས་ཁྲི44བཞག་ཅིང་ལོ་རེར་ཁ་གསབ་སྒོར་དུང་ཕྱུར15སྤྲད་དེ། མི་དམངས་མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ཁྲོད་དུ་སྐྱེ་ཁམས་ཀྱི་ཟ་མ་རག་པ་དང་ཕྱུག་ལམ་དུ་བསྐྱོད་ཐུབ་ཡོད།

ད་ལྟའི་བོད་ལྗོངས་སུ་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྐྱེ་ཁམས་ལེགས་པོ། མཐའ་སྲུང་སྲ་བརྟན། མི་དམངས་བདེར་སྡོད་ལས་བརྩོན་ཡིན་ཞིང་། བོད་བྱང་མཐོ་སྒང་ནས་ལྷ་སའི་སྐྱིད་ཆུ་འགྲམ་དང་། ཇོ་མོ་གླང་མའི་རི་འདབས་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་བཅས་གང་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ལྟ་བུའི་གསོན་ཉམས་དོད་པོའི་རྣམ་པ་ཞིག་མངོན་བཞིན་མཆིས་སོ།།

( ཐུབ་ཀྱིས་བསྒྱུར་ནས་ཞུས། )