ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ9པའི་ཚེས5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་ལ་རྟེན་འབྲེལ་ཤིས་ཚིག་བསྒྲོན་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་མི་ཐབས་རིག་ནུས་ལག་རྩལ་རིམ་འཇུག་འཕེལ་འགྱུར་མགྱོགས་སུ་ཕྱིན་ནས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་གོ་ལ་ཧྲིལ་པོའི་ཐོན་ལས་རྣམ་པ་བསྐྱར་དུ་གཏོད་བཞིན་ཡོད། ཀྲུང་གོས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་མཐོང་ཆེན་བྱས་ཏེ། མི་ཐབས་རིག་ནུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་པ་བཏོན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏང་རྒྱུར་རོགས་རམ་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མི་ཐབས་རིག་ནུས་ནི་འགྲོ་བ་མིའི་རིགས་ཡོངས་ལ་བདེ་སྐྱིད་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཡིན་དགོས། ཀྲུང་གོས་འཛམ་བུ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་མི་ཐབས་རིག་ནུས་ཁྱབ་ཁོངས་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་དང་བཅོས་སྐྱོང་གི་སྒྲིག་སྲོལ།ལག་རྩལ་གྱི་ཚད་གཞི་སོགས་ཀྱི་ཐད་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། རིག་ནུས་ཐོན་ལས་སྐྱོན་བྲལ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་བསྐུལ་ཏེ་རིག་ནུས་གྲུབ་འབྲས་དེ་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་ཕན་ཐོགས་པ་བྱ་འདོད་ཡོད།
2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་དེ་གོང་ཚེས་ཉིན་ཁྲུང་ཆིང་གྲོང་ཁྱེར་དུ་འགོ་བཙུགས་པ་རེད། “མི་ཐབས་རིག་ནུས+”དང“རིག་ནུས་དྲྭ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར”གཙོ་དོན་ཡིན་པ། འདུ་ཚོགས་དེ་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་རེད།། ( ལྷ་འཛོམས་དང་བདེ་སྐྱིད་ཀྱིས་བསྒྱུར།)