སྤྱི་ཟླ9ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ཀྲུང་གོ་འཁྱེར་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི།རྐང་དཔོན་མ་ཁུའེ་དང་བཅས་པར་བཞུགས་མོལ་གནང་དེ་ཕྱོགས་གཉིས་པོས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཨང་ཀིའི་དཀར་མཛེས་ཁུལ་འཛུགས་སྐྲུན་སོགས་ལ་དམིགས་ནས་སྤེལ་རེས་ཟབ་མོ་མཛད་པ་རེད། ཧྲེན་དབྱང་གིས་མ་ཁུའེ་དང་བཅས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་འཁྱེར་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་།སེམས་ཤུགས་ཡོད་རྒུས་ཉག་རོང་རྫོང་ལ་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་དུས་ཡུན་རིང་པོར་ཀྲུང་གོ་འཁྱེར་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཕྲིན་གཏོང་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། མིག་སྔར། དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཨང་ཀིའི་དཀར་མཛེས་འཛུགས་སྐྲུན་མགྱོགས་སུ་བསྐུལ་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོ་འཁྱེར་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་དང་དཀར་མཛེས་ཁུལ་གྱིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པ་མཉམ་དུ་དམ་འཛིན་བྱས་ཏེ5Gདྲྭ་རྒྱའི་གཞི་ཚུགས་འཛུགས་སྐྲུན་དང་།རྩིས་ནུས་དང་གློག་ཤུགས་མཉམ་འདྲེས་སྒྲིག་བཀོད་འཛུགས་སྐྲུན། མི་ཐབས་རིག་ནུས་དང་གཞི་གྲངས་ཆེན་པོའི་བཀོལ་སྤྱོད་སོགས་ཀྱི་ཐད་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་དཀར་མཛེས་ཁུལ་གྱི་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། མ་ཁུའེ་ཡིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་མང་རིང་ཀྲུང་གོ་འཁྱེར་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་དཀར་མཛེས་ཁུལ་ནས་འཕེལ་རྒྱས་ཕྱིན་པར་དོ་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཀྲུང་གོ་འཁྱེར་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དཀར་མཛེས་ཁུལ་ལ་མུ་མཐུད་སྤུས་ཚད་མཐོ་བའི་དྲྭ་རྒྱའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ནས་མཉམ་ལས་ཁྱབ་ཁོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་ནས་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཐུན་མོང་ཐོག་སྔོག་འདོན་བྱས་ཏེ་ལག་གདང་སྦྲེལ་ནས་ཁེ་ལས་དང་ས་གནས་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་འབྲི་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཁུལ་གྱི་མགོ་ཁྲིད་ཡན་ལེ་དང་ཁྲེན་པོ་ཐའོ། ལིའུ་ཧུང་བཅས་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཞུགས་མོལ་ནང་ཞུགས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)